འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་བོད་སྐད་གསར་འགྱུར་རྩོམ་ཡིག་《བདེ་སྐྱིད་གླུ་དབྱངས་གྱེར་བའི་ལོ་50》
    ཞེས་པར་ཀྲུང་གོའི་གསར་འགྱུར་བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་21ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་སྐབས་ཉི་ཤུ་རྩ་དྲུག་པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་། སྐབས་བཅུ་བཞི་པའི་ཁྲང་ཅང་དང་ཐའོ་ཧྥེན་བྱ་དགའི་དཔྱད་འདེམས་འབྲས་བུ་ཡོངས་བསྒྲགས་བྱས་ཤིང་། བོད་ལྗོངས་གསར་འགོད་པའི་མཐུན་ཚོགས་ཀྱིས་འདེམས་སྐྱེལ་དང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་གསར་འགྱུར་ལེ་ཚན་ལྟེ་གནས་ཀྱིས་སྒྲིག་བཟོ་བྱས་པའི་བོད་སྐད་ཀྱི་རླུང་འཕྲིན་མུ་འབྲེལ་གསར་འགྱུར་《བདེ་སྐྱིད་གླུ་དབྱངས་གྱེར་བའི་ལོ་50》ཞེས་པར་སྐབས་ཉི་ཤུ་རྩ་དྲུག་པའི་ཀྲུང་གོའི་གསར་འགྱུར་བྱ་དགའི་རླུང་འཕྲིན་ཁོངས་གཏོགས་ཀྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་རེད། འདི་ནི་རང་ལྗོངས་ཀྱི་བོད་ཡིག་རྩོམ་ཡིག་དཔྱད་འདེམས་ལ་ཞུགས་ཐེངས་དང་པོ་དང་། ཀྲུང་གོའི་གསར་འགྱུར་བྱ་དགའ་ཡང་ཐོབ་ཐེངས་དང་པོ་རེད་འདུག ད་ཐེངས་ཀྱི་བྱ་དགའ་ཐོབ་པ་ནི་རང་ལྗོངས་ཀྱི་བོད་སྐད་ཀྱི་གསར་འགྱུར་རྩོམ་ཡིག་ཀྲུང་གོའི་གསར་འགྱུར་བྱ་དགའི་དཔྱད་འདེམས་ལ་ཞུགས་པའི་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་ཞིག་རེད།
         བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་ལ་ཉེ་བའི་དུས་སུ། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གཅིག་གྱུར་བཀོད་སྒྲིག་འོག རླུང་འཕྲིན་ལས་ཁུངས་གསར་འགྱུར་ལེ་ཚན་ལྟེ་གནས་ཀྱིས་ཇུས་གཞི་བཀོད་ནས་བརྗོད་དོན་གཙོ་བོའི་མུ་འབྲེལ་གསར་འགྱུར་《བདེ་སྐྱིད་གླུ་དབྱངས་གྱེར་བའི་ལོ་ངོ50》ཞེས་པ་བཏོན་པ་དང་། གསར་འགོད་པ་ཁག་མང་པོས་ཟླ་2ལྷག་ཙམ་རིང་ལམ་ཐག་སྤྱི་ལེ་ཁྲི་10ཙམ་བསྐྱོད་དེ་སྐར་མ་6000ལྷག་ཙམ་གྱི་སྐད་ལམ་གྱི་དཔྱད་གཞི་བསྡུ་རུབ་བྱས་ཏེ། རྩམ་དྲི་དང་མར་དྲི་བྲོ་བའི་བོད་སྐད་གསར་འགྱུར་བརྩམས་པས་ན། མི་རིགས་ས་ཁུལ་གྱི་རླུང་འཕྲིན་གསར་འགྱུར་ལས་ཉམས་འགྱུར་གསར་པ་མངོན་ནས་བདེ་སྐྱིད་ལྡན་པའི་བོད་ལྗོངས་གཏམ་རྒྱུད་བརྒྱུད་བསྒྲགས་ཐུབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།