འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་དབུལ་སྐྱོར་གསར་སྤེལ་གྱི་ལམ་བུ་གསར་པ་བཏོད་པས་ཕྱོགས་གཅིག་གི་ཐོན་ལས་
    དར་རྒྱས་བྱུང་ནས་ཡུལ་དེ་གའི་མི་སེར་ཕྱུག་པོ་ཆགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་20ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          བོད་ལྗོངས་ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་13ལས་མེད་པའི་སྟག་གདོང་གྲོང་ཚོ་ནི་བོད་ཀྱི་སྲུང་སྐྱོང་ཡག་ཤོས་བྱུང་བའི་གནའ་བོའི་གྲོང་ཚོ་ཞིག་ཡིན། གྲོང་ཚོ་དེར་ཁྱོན་དུད་ཚང་281ཡོད་པ་ལས་དུད་ཚང་51དབུལ་པོ་ཡིན། འདི་ལོའི་ལོ་སྟོད་དུ། སྟག་གདོང་གྲོང་ཚོའི་དབུལ་སྐྱོར་ཕྱོགས་བསྡུས་ཡུལ་སྐོར་རྣམ་གྲངས་དངོས་སུ་ལས་འགོ་ཚུགས་ཤིང་། གྲོང་མི་ཚོས་སོ་སོའི་སྡོད་ཁང་བོད་ཁྱིམ་སྤྲོ་ཁང་དུ་བཟོས་པ་དང་། སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་དང་། ཁེ་ལས་ཀྱིས་གཉེར་སྐྱོང་བྱེད་པ། གྲོང་མི་ཚོ་ཞུགས་པ་བཅས་ཀྱི་རྣམ་པའི་ཐོག་ནས་དམངས་སྲོལ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བ་རེད། རྣམ་གྲངས་དེས་དུད་ཚང་དབུལ་པོ་51གནད་སྨིན་དབུལ་སྒྲོལ་ཐུབ་པ་མ་ཟད་ད་དུང་ངལ་ནུས་ལྷག་མ་174ཡི་ལས་ཞུགས་གནད་དོན་ཡང་ཐག་གཅོད་བྱས་པ་རེད།
          ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཐོག་དབུལ་སྐྱོར་ཐབས་ལམ་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱས་པ་དང་། དབུལ་སྐྱོར་བྱེད་ཐབས་ལ་རིགས་དབྱེའི་སྐུལ་འདེད་བཏང་བ། སྤྱི་ཚོགས་ཕྱོགས་ཁག་གི་ཐོན་ཁུངས་རྒྱ་ཁྱབ་ངང་ཞུགས་པ། ལྷག་པར་དུ་དབུལ་སྐྱོར་བྱ་ཡུལ་ལ་གནད་སྨིན་དབྱེ་འབྱེད་དང་གནད་སྨིན་རོགས་སྐྱོར་བྱས་པ། ཕན་ཚུན་སྦྲེལ་མཐུད་ཀྱི་ཆ་འཕྲིན་མ་ལག་འཛུགས་པ་བཅས་བྱས་ནས་དྲ་མིག་ཅན་གྱི་དོ་དམ་དང་སྣོད་བཅུད་སྲུང་སྐྱོང་སོགས་ལས་དོན་གྱི་ལྷུ་ཚིགས་ནང་དུ་བཅུག་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཨོའུ་ཆིང་ཕིང་གིས་བོད་ཀྱི་ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་སྐབས། བོད་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་བཀྲག་མདངས་འཚེར་ས་དང་ཁྱད་ཆོས་མངོན་ཡོད་པ་མ་ཟད། ད་དུང་བོད་ཀྱི་དོན་དངོས་དང་འཚམ་ཞིང་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་གསར་སྤེལ་གྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་ཐུབ་ཡོད་ཅེས་གསུངས་པ་རེད།
         བོད་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་ལ། གཙོ་གནད་འབུར་དུ་ཐོན་པ་བྱས་ནས་ཐོན་ལས་དབུལ་སྐྱོར་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་བསམ་འཆར་བཟོས་ཐོག་ཐོན་ལས་འཕེལ་རྒྱས་རྣམ་གྲངས་ཡག་པོ་བདམས་ནས་ཡུལ་བབ་དང་བསྟུན་ཏེ་ཁེ་ལས་དང་ཐོན་ལས་དབུལ་སྐྱོར་བཅས་ཟུང་དུ་སྦྲེལ་བ་དང་། ཁེ་ལས་དང་རྟེན་གཞི་དང་དུད་ཚང་དབུལ་པོ་བཅས་ཟུང་དུ་སྦྲེལ་བ་སོགས་རྣམ་པ་སྣ་ཚོགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་འཕེལ་རྒྱས་བཏང་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་ཁག་གཅིག་བཏོད་ཡོད་པ་རེད། མིག་སྔའི་བར་བོད་ཀྱིས་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་40བསྡུ་སྒྲིལ་བྱས་པ་དེ་ཐོན་ལས་དབུལ་སྐྱོར་གྱི་སྣེ་ཁྲིད་མ་དངུལ་བྱས་ཏེ། ཐོན་ལས་རྣམ་གྲངས་237ལག་བསྟར་དང་རྣམ་གྲངས་34ལེགས་སྒྲུབ་བྱས་པ་དང་། འདེབས་འཛུགས་གསོ་ཚགས་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན། མི་རིགས་ལག་ཤེས་བཟོ་ལས། ཡུལ་སྐོར་ཞབས་ཞུ་སོགས་ཐོན་ལས་རྣམ་གྲངས་700ལྷག་ཙམ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
          དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཙོ་གནད་འབུར་དུ་ཐོན་པ་དང་། གང་མཁོ་དེ་སྤྲོད་ཀྱི་རྩ་དོན་ལྟར། བོད་ཀྱིས་རྒྱལ་ཁབ་ཀྱིས་ལོ་ལྟར་བོད་ལ་བཀོད་སྒྲིག་བྱས་པའི་རྩྭ་ཐང་དང་ནགས་ཚལ་གྱི་སྣོད་བཅུད་བྱ་དགའ་དང་ཁ་གསབ་མ་དངུལ་གྱི་འཕར་གྲངས་དང་། མི་རིགས་དང་། མཐའ་མཚམས། ནུས་པའི་ཁུལ་གཙོ་བོའི་སྤོ་སྒྱུར་གཏོང་སྤྲོད་བཅས་ཀྱི་ཐད་སྤྲད་པའི་མ་དངུལ་འཕར་གྲངས་བསྡུ་སྒྲིལ་གྱིས་ནགས་ཚལ་སྲུང་སྐྱོང་དང་། རྩྭ་ཐང་སྲུང་སྐྱོང་། ཆུའི་སྣོད་བཅུད་སྲུང་སྐྱོང་སོགས་སྣོད་བཅུད་སྲུང་སྐྱོང་རིགས་ཆེན་པོ་བརྒྱད་ཀྱི་ཐད་ཆེད་འགན་ལས་གནས་ཁྲི་50ལྷག་ཙམ་བཀོད་སྒྲིག་བྱས་ནས། བོད་ཀྱི་ངལ་ནུས་ལྡན་པའི་མི་འབོར་དབུལ་པོ་ཚོས་ངལ་རྩོལ་བྱས་པ་བརྒྱུད་ལ་རྒྱ་མ་ཤོར་བའི་ངང་ནས་དབུལ་སྒྲོལ་བྱ་རྒྱུ་མངོན་འགྱུར་བྱེད་ཆོག་པ་དང་། ལས་གནས་རེར་ལོ་རེར་སྒོར་3000རེ་ཡོད་པའི་ཁར་སྔར་ཡོད་ཀྱི་ཡོང་འབབ་བསྣན་ཚེ་མི་འབོར་དབུལ་པོ་དེ་དག་གི་ལོའི་ཡོང་འབབ་སྒོར་5000ལྷག་ཙམ་ཟིན་རྒྱུ་ཡིན་པ་རེད།
         《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་བསམ་འཆར་》ལྟར་ན། བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་85བསྡུ་སྒྲིལ་བྱས་ནས་སློབ་གསོ་དང་། སྨན་བཅོས། ཐོན་ལས། གནས་སྤོ་སོགས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། ཟླ་དྲུག་པའི་ཟླ་མཇུག་བར་དུ། དབུལ་སྐྱོར་སྐྱེད་གསབ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་402ཡོད་པ་ལས་ཞིང་དུད་ཚོའི་ལག་ཏུ་འབྱོར་ཚད་སྒོར་དུང་ཕྱུར་118ཟིན་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་151404ལ་རོགས་སྐྱོར་ཐོབ་ཡོད་པ་རེད།
          སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་སྤྱི་ཚོགས་དབུལ་སྐྱོར་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ། བོད་ཀྱིས་ལྗོངས་(ཀྲུང་དབྱང)ཐད་གཏོགས་ཚན་པ་132ཀྱིས་གནས་གཏན་འཁེལ་གྱི་དབུལ་སྐྱོར་བྱ་རྒྱུའི་གཏན་འབེབས་བྱས་པར། ཁོའོ་རིམ་པ་ཡན་གྱི་ལས་བྱེད་པ་ཁྲི་5.6བཀོད་སྒྲིག་བྱས་ནས་དུད་ཚང་དབུལ་པོར་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། “ཁེ་ལས་བརྒྱས་གྲོང་ཚོ་བརྒྱ་ལ་རོགས་སྐྱོར་བྱེད་པའི”བྱེད་སྒོ་སྤེལ་འགོ་ཚུགས་པར་ཁེ་ལས་216དང་གྲོང་ཚོ་དབུལ་པོ་96རོགས་སྐྱོར་སྦྲེལ་མཐུད་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།