འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་གསུམ་པ་ཀྲེ་ཅང་ཨུ་ཀྲེན་དུ་གྲོལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་20ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན་གྱི་སྔ་དྲོ་དུས་ཡུན་ཉིན་3ཡིན་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་གསུམ་པ་གྲུབ་འབྲས་ཐོན་པའི་ངང་གྲོལ་བ་རེད།
          སྐབས་འདིའི་ཚོགས་ཆེན་གྱི་འགོ་འཛུགས་མཛད་སྒོའི་ཐོག་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བརྙན་ལམ་བརྒྱུད་གསུང་བཤད་གནང་ནས་གོ་ལ་ཧྲིལ་པོའི་དྲ་སྦྲེལ་འཕེལ་རྒྱས་བཅོས་སྐྱོང་སྐོར་གྱི་ཀྲུང་གོའི་འདུ་ཤེས་དང་འདོད་ཚུལ་རྒྱས་བཤད་གནང་བར་ཚོགས་ཞུགས་སྐུ་མགྲོན་གྱི་ངོས་འཛིན་གཅིག་མཐུན་དང་ཚད་མཐོའི་མོས་སེམས་ཐོབ་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལིའུ་ཡུན་ཧྲན་གྱིས་འགོ་འཛུགས་མཛད་སྒོའི་ཐོག་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
          ཉིན་གསུམ་ནང་རྒྱལ་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་110ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུགས་16ནས་ཕེབས་པའི་སྐུ་མགྲོན་1600ཨུ་ཀྲེན་དུ་མཉམ་འཛོམས་བྱས་ཏེ། ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ“གསར་གཏོད་ལ་བརྟེན་ནས་སྐུལ་འདེད་བཏང་སྟེ་མིའི་རིགས་ལ་ཕན་བདེ་བསྐྲུན་པ་སྟེ། དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལག་གདང་སྦྲེལ་ནས་མཉམ་སྐྲུན་བྱེད”ཅེས་པར་དམིགས་ནས་གྲོས་བསྡུར་དང་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། བསམ་བློ་སྤེལ་རེས་དང་། ལག་རྩལ་འགྲེམས་སྟོན། དཔལ་འབྱོར་ཚོང་དོན་མཉམ་ལས། ངོས་འཛིན་གཅིག་མཐུན་གྲུབ་པ་སོགས་ཀྱི་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་པ་རེད།
          འཛམ་གླིང་དྲ་སྦྲེལ་གྱི་སྔོན་ཐོན་ཚན་རྩལ་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུ་དེ་སྐབས་འདིའི་ཚོགས་ཆེན་གྱི་གསར་གཏོད་བྱེད་ཐབས་དང་ནང་དོན་གལ་ཆེན་ཞིག་ཡིན་ཞིང་། ད་ཐེངས་འགྲེམས་སྟོན་གྱི་ཚན་རྩལ་ཞིབ་འཇུག་གྲུབ་འབྲས་ཁག་15ལ་ཚན་རྩལ་གྱི་མ་འཇོག་བྱེད་ཚད་མཐོ་ཤོས་དང་། གསར་གཏོད་གྲ་རྒྱས་ཤོས། བཀོལ་སྤྱོད་ཁྱབ་ཁོངས་ཆེ་ཤོས། ཁྱབ་འགྱེད་ནུས་པ་ཆེ་ཤོས་བཅས་ཡིན་པ་དེ་ཐོག་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་གྲུབ་འབྲས་གསར་ཤོས་དང་གལ་ཆེ་ཤོས་ཚད་བརྒལ་བྱུང་བ་དང་། དྲ་རྒྱའི་ཆ་འཕྲིན་ཁྱབ་ཁོངས་འཕེལ་རྒྱས་འགྲོ་བའི་མྱུར་ཚད་དང་འབྱུང་འགྱུར་གྱི་མདུན་ལམ་མཚོན་ཡོད།
         གཞན་ཡང་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱི་རིམ་པ་མཐོ་བའི་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ཡོན་ལྷན་ཁང་གིས་《2016ལོའི་འཛམ་གླིང་དྲ་སྦྲེལ་འཕེལ་རྒྱས་སྐོར་གྱི་ཨུ་ཀྲེན་གྱི་སྙན་ཞུ་》གྲོས་ཞིབ་བྱས་པ་མ་ཟད་གྲོས་འཆམ་ཀྱང་བྱས་པ་དང་འབྲེལ། ཚེས་18ཉིན་དངོས་སུ་ཡོངས་བསྒྲགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།