འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།“ཟླ་11ཚེས་11”རིང་རྒྱལ་ཡོངས་ཀྱི་མྱུར་སྐྱེལ་ལས་སྒོའི་བསྡོམས་འབོར་དུང་ཕྱུར་11.2ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་20ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ཁྱབ་བསྒྲགས་བྱས་ཤིང་། ད་ལོའི“ཟླ་11ཚེས་11”རིང་གི་ཟླ་11ཚེས་11ནས་ཚེས་16ཉིན་བར་གྱི་ཉིན་6ནང་རྒྱལ་ཡོངས་ཀྱི་སྦྲག་སྲིད་དང་མྱུར་སྐྱེལ་ཁེ་ལས་ཀྱིས་བསྐུར་དངོས་དུང་ཕྱུར་11.2རྩིས་ལེན་པ་དང་བསྐུར་དངོས་དུང་ཕྱུར་7.9བདེ་བླག་ངང་བསྐྱལ་ཡོད། བསྡོམས་རྩིས་བྱས་ན་ཚེས་11ཉིན་ཁོ་ནར་སྦྲག་སྲིད་དང་མྱུར་སྐྱེལ་ཁེ་ལས་ཁག་གིས་བསྐུར་དངོས་དུང་ཕྱུར་2.51སྐྱེལ་སྤྲོད་བྱས་པ་དེ་དུས་མཚུངས་ལས་52%འཕར་བ་དང་རང་རྒྱལ་གྱི་ཉིན་གཅིག་ལ་བསྐུར་དངོས་སྐྱེལ་སྤྲོད་བྱེད་མང་ཤོས་ཀྱི་ཟིན་ཐོ་ཡང་བཏོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།