འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོར་ནུས་པ་ཆེ་བའི་རྩིས་རྒྱག་བཀོལ་སྤྱོད་ཁྱབ་ཁོངས་ཀྱི་བྱ་དགའ་མཐོ་ཤོས་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་20ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་17ཉིན་ཀྲུང་གོར་རྒྱལ་སྤྱིའི་ནུས་པ་ཆེ་བའི་རྩིས་རྒྱག་བཀོལ་སྤྱོད་ཁྱབ་ཁོངས་ཀྱི་བྱ་དགའ་མཐོ་ཤོས་ཡིན་པའི་གཱ་ཏེང་པེར་བྱ་དགའ་ཐེངས་དང་པོར་ཐོབ་པ་རེད།
         ཉིན་དེར། ཀྲུང་གོ་ཚན་རིག་ཁང་མཉེན་ཆས་ཞིབ་འཇུག་སུའོ་ཡི་དབྱང་ཁྲའོ་སོགས་ཀྱིས་ཨ་རིའི་ཡན་ཧུའུ་གྲོང་དུ་གཉེར་བའི་2016ལོའི་གོ་ལ་ཧྲིལ་པོའི་རིམ་འདས་རྩིས་རྒྱག་ཚོགས་ཆེན་ཐོག་གཱ་ཏེང་པེར་གྱི་བྱ་དགའ་ལེན་པ་རེད། ཁོང་ཚོར་བྱ་དགའ་ཐོབ་པའི་བཀོལ་སྤྱོད་དེའི་མིང་ལ“ཉིང་རྡུལ་བྱེ་བའི་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་པོའི་སྒུལ་ཤུགས་རིག་པ་རྒྱ་བསྐྱེད་གཏོང་རུང་བའི་ཡོངས་གབ་རྩིས་སྟངས་འདྲ་བཟོ”ཞེས་ཟེར།
          གཱ་ཏེང་པེར་བྱ་དགའ་འདི་1987ལོར་བཙུགས་ཤིང་། ཀྲུང་གོའི་ཚོགས་པ་དེ་གོང་འདིའི་ནང་ཚུད་མྱོང་མེད་ལ་བྱ་དགའ་ཡང་ཐོབ་མྱོང་མེད། འོན་ཀྱང་འདི་ལོ་ཀྲུང་གོའི“ཟིལ་ཤུགས་ངོ་མཚར་ཅན·ཐའེ་ཧུའུ་ཡི་འོད་ཟེར”ཞེས་པའི་མ་ལག་ལ་བརྟེན་ནས་བྱུང་བའི་བཀོལ་སྤྱོད་ཁག་3བྱ་དགའ་འདིའི་ནང་ཚུད་པ་དང་འདིའི་ནང་ཚུད་པའི་བཀོལ་སྤྱོད་ཡོངས་ཀྱི་བསྡོམས་འབོར་གྱི་ཕྱེད་ཀ་ཟིན་ཡོད། དབྱང་ཁྲའོ་སོགས་ཀྱིས་གསར་སྤེལ་ཇུས་འགོད་བྱས་པའི་བཀོལ་སྤྱོད་འདི་ཕུད། བཀོལ་སྤྱོད་གཞན་དག་གཉིས་ནི་རྒྱལ་ཁབ་རྒྱ་མཚོ་ཅུས་རྒྱ་མཚོ་ཞིབ་འཇུག་སུའོ་དང་པོ་དང་ཆིང་ཧྭ་སློབ་ཆེན་མཉམ་ལས་བྱས་ནས་བཟོས་པའི“གསལ་ཆ་ཆེ་བའི་མཚོ་རླབས་སྟོན་གྲངས་འདྲ་བཟོ”དང་ཀྲུང་གོ་ཚན་རིག་ཁང་དྲ་བའི་ལྟེ་གནས་ཀྱི“ཐེ་བསྲེས་པའི་ལྕགས་རིགས་ཀྱི་གྲུབ་ཆ་ཆུང་གྲས་ཀྱི་རིམ་འགྱུར་ངོས་འགྱུར་འདྲ་བཟོ”ཞེས་པ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།