འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་རང་བྱུང་འཐུང་ཆུའི་ཚད་གཞི་བཏོན་ནས"བོད་ཀྱི་ཆུ་བཟང"གཏོད་རོགས་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་26ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་24ཉིན། བོད་ཀྱི་རང་བྱུང་འཐུང་ཆུའི་ཚད་གཞི་ལྷ་སར་དངོས་སུ་བཏོན་པ་དང་ཚད་གཞི་དེས་བོད་ཀྱི་རང་བྱུང་འཐུང་ཆུའི་དམིགས་བསལ་ཁྱད་ཆོས་དང་རང་བཞིན་མངོན་ནས། བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱིས“བོད་ཀྱི་ཆུ་བཟང”གཏོད་རོགས་བྱ་རྒྱུ་ཡིན་པ་རེད།
         བོད་དུ་ཆ་སྙོམས་ལོའི་ཆུའི་ཐོན་ཁུངས་ཀྱི་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་4394ཟིན་པ་དེས་རྒྱལ་ཡོངས་ཀྱི་16.5%བཟུང་བས་རང་རྒྱལ་གྱི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཆ་ཡིན། དེ་ཐོག་བོད་ཀྱི་འཐུང་ཆུར་བདེ་འཇགས་ཆེ་ལ་སྦགས་བཙོག་མེད་པའི་ལེགས་ཆ་ལྡན་པས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད།
         ཀྲུང་གོ་བརྟག་བཤེར་དང་ནད་ཡམས་ཞིབ་བཤེར་རིག་གཞུང་ལྷན་ཚོགས་གྱི་རྒྱུན་ལས་ལས་འཛིན་པ་བཟོ་སྐྲུན་ཚད་གཞི་ཚོགས་ཆུང་གི་ཙུའུ་ཀྲང་ཧྥང་ཁྲེང་ལིས་བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་ཀྱི་འཕེལ་ཕྱོགས་བཟང་པོ་ཡོད་ཀྱང་། ཐོན་ལས་ཀྱི་གཞི་ཁྱོན་དང་། ཐོན་ལས་ཀྱི་མ་ལག དོ་དམ་ཆུ་ཚད། ཁྲོམ་རའི་གསར་གཏོད་ནུས་པ། འཕེལ་རྒྱས་ཀྱི་ཁོར་ཡུག དེ་བཞིན་སྤུས་རྟགས་གསར་གཏོད་དང་སྲུང་སྐྱོང་སོགས་ཐད་མི་འདང་བའི་ཆ་མང་པོ་ལྡན་པས་ངེས་པར་དུ་ལེགས་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས། མ་ཟད་རང་བྱུང་འཐུང་ཆུའི་ཚོགས་པའི་ཚད་གཞི་ཡང་རྒྱབ་ལྗོངས་དེའི་འོག་བཟོས་པ་ཞིག་ཡིན་ཞེས་བཤད།
         ཧྥང་ཁྲེང་ལིས་བོད་ཀྱི་རང་བྱུང་འཐུང་ཆུའི་ཚོགས་པའི་ཚད་གཞིའི་གྲངས་གཞི་ཚང་མ་ཐོན་འབབ་95%ཡན་གྱི་བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་རྫས་ལས་བྱུང་བ་དང་གྲངས་གཞིར་མཚོན་བྱེད་རང་བཞིན་ལྡན་ཡོད། ཚད་གཞི་བཟོ་བའི་སྟོན་རྟགས་ཁག་ནི་དངོས་དཔེའི་ཐོན་རྫས་ལ་བརྟག་བཤེར་དབྱེ་ཞིབ་ཐེངས་127དང་གྲངས་གཞི་997ལ་བསྡོམས་རྩིས་དབྱེ་ཞིབ་བྱས་ནས་བཟོས་པ་ཞིག་ཡིན་ཞེས་བཤད།
         “བོད་ཀྱི་རང་བྱུང་འཐུང་ཆུའི་ཚོགས་པའི་ཚད་གཞི་དེ་2017ལོའི་ཟླ་1ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། ལག་བསྟར་བྱས་རྗེས། ཕྱོགས་གཅིག་ནས་བོད་ཀྱི་རང་བྱུང་འཐུང་ཆུའི་དམིགས་བསལ་གྱི་སྤུས་ཚད་མངོན་པ་དང་། ཕྱོགས་གཞན་ཞིག་ནས་བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་ཐེབས་ནས་ཐོན་རྫས་ཁྲོམ་རའི་འགྲན་ནུས་ཆེ་རུ་ཕྱིན་ཏེ་བོད་ཀྱི་ཆུ་བཟང་སྤུས་རྟགས་གཏོད་རོགས་བྱ་རྒྱུ་རེད”ཅེས་བོད་རང་སྐྱོང་ལྗོངས་རང་བྱུང་འཐུང་ཆུའི་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཡོད་ཀྲེ་ཆང་གིས་དེ་ལྟར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།