འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མགོ་ལོག་ཁུལ་གྱིས་དམར་དམག་རྒྱང་བསྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་༨༠ལོན་པར་
    རྗེས་དྲན་ཞུ་བའི་མུ་འབྲེལ་བྱེད་སྒོ་པདྨའི་དམར་དམག་ལུང་པ་ནས་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་26ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མགོ་ལོག་ཁུལ་གྱིས་དམར་དམག་རྒྱང་བསྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་༨༠ལོན་པར་
རྗེས་དྲན་ཞུ་བའི་མུ་འབྲེལ་བྱེད་སྒོ་པདྨའི་དམར་དམག་ལུང་པ་ནས་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། དམར་དམག་རྒྱང་བསྐྱོད་ལ་རྒྱལ་ཁ་ཐོབ་ནས་ད་ལྟའི་བར་ལོ་ངོ་བརྒྱད་བཅུ་ལྷག་འགོར་ཟིན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ཁྲོད། གྲངས་མེད་པའི་གསར་བརྗེ་སྔོན་གཤེགས་དཔའ་བོ་མང་པོས་གསར་བརྗེའི་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱུང་བ་དང་། རྗེས་རབས་པ་ལ་བདེ་སྐྱིད་འབྱོར་ལྡན་གྱི་འཚོ་བ་བསྐྲུན་ཆེད། དཀའ་བ་འབུམ་ཕྲག་ཁྱད་དུ་བསད་ཅིང་གཅེས་པའི་སྲོག་ནི་བློས་སུ་བཏང་ཡོད། ད་ལྟ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་དུ་ལོ་ངོ་༨༠སྔོན་དམར་དམག་བརྒྱུད་མྱོང་བའི་ལུང་བ་དང་ཟམ་པ་ལ་དམར་དམག་ལུང་བ་དང་དམར་དམག་ཟམ་པ། དམར་དམག་ཆུ་མིག་ཅེས་འབོད་བཞིན་ཡོད།
         མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་སུ་དམར་དམག་བརྒྱུད་མྱོང་བའི་ས་གནས་གཅིག་པུ་སྟེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་ད་ལོར་རྫོང་ཁོངས་ཀྱི་ཡར་ཐང་ཡུལ་ཚོའི་དམར་དམག་ལུང་པ་ནས། དམར་དམག་རྒྱང་བསྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་༨༠ལོན་པར་རྗེས་དྲན་ཞུ་བའི་བྱེད་སྒོ་ཆེ་ཆུང་མང་པོ་སྤེལ།
         དམར་དམག་རྒྱང་བསྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་༨༠ལོན་པར་གཟབ་རྒྱས་ངང་རྗེས་དྲན་ཞུ་བའི་ལོ་རྒྱུས་རང་བཞིན་གྱི་ཉིན་གཙོ་བོ་སྟེ། ཟླ་༡༠ཚེས་༢༣ཉིན། གསར་བརྗེ་སྔོན་གཤེགས་དཔའ་བོའི་རླབས་ཆེན་མཛད་རྗེས་ལ་རྗེས་དྲན་ཞུ་ཆེད། མགོ་ལོག་ཁུལ་གྱིས་པདྨ་རྫོང་གི་དམར་དམག་ལུང་པ་ནས་༼གསར་བརྗེ་སྲོལ་བཟང་རྒྱུན་འཛིན་དང་། མཆོང་བརྒལ་འཕེལ་རྒྱས་བརྩོན་ལེན་གྱིས། མགོ་ལོག་གི་བསམ་བློའི་ཞིང་ཁམས་བསྐྲུན་༽ཞེས་ཁ་གཡང་སྒྲོག་བཞིན། དམར་དམག་རྒྱང་བསྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་༨༠ལོན་པར་རྗེས་དྲན་ཞུ་བའི་མུ་འབྲེལ་བྱེད་སྒོ་སྤེལ། 
         རྒྱུས་ལོན་པ་ལྟར་ན། བྱེད་སྒོ་འདི་ནི་མགོ་ལོག་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། པདྨ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་བསྒྲུབ་འགན་འཁུར་བ་ཡིན། རྗེས་དྲན་ཞུ་བའི་ཉིན་འདི་དག་རིང་། གཙོ་བོ་༼བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་གསུང་བརྩི། ཏང་གི་རྗེས་སུ་འབྲངས་༽ཞེས་པའི་རིག་རྩལ་བྱེད་སྒོ་དང་། ༼རྒྱང་བསྐྱོད་ལམ་དུ་ལྷར་ཡང་བསྐྱོད།ལོ་རྒྱུས་ཁྲོད་ནས་ཉམས་མྱོང་ལེན་༽ཞེས་པ་དང་། ༼སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ། དམར་དམག་དུར་སར་མཆོད་འབུལ་བྱེད།༽ ༼པདྨ་རྫོང་གི་དམར་དམག་རྒྱང་བསྐྱོད་རྗེས་དྲན་ཁང་ལ་ལྟ་སྐོར་བྱེད་པ།༽༼རླབས་ཆེན་རྒྱང་བསྐྱོད་སྙིང་སྟོབས་དར་སྤེལ་གཏོང་། ཐོག་མའི་ཆོད་སེམས་མི་འགྱུར་ཞིང་མ་འོངས་མདུན་ལྗོངས་དགའ་བས་བསུ་བཞིན་རྒྱང་བསྐྱོད་ལམ་ཆེན་གསར་བ་འགྲིམས་༽ཞེས་པའི་བཞུགས་མོལ་ཚོགས་འདུ་བསྡུས་བ་སོགས་མུ་འབྲེལ་བྱེད་སྒོ་སྤེལ། མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་བིའུ་དབྱི་ཀྲང་དང་ཁུལ་དཔོན་དགེ་རྒྱལ་བཀྲ་ཤིས། དེ་མིན་ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས། ཁུལ་གཏོགས་རྫོང་སོ་སོའི་ཏང་སྲིད་ལས་ཁུངས་ཀྱི་མགོ་ཁྲིད་གཙོ་བོ་བཅས་ཐེངས་འདིའི་རྗེས་དྲན་བྱེད་སྒོར་ཞུགས་ཡོད།
         སྔ་དྲོའི་དུས་ཚོད་༩སྟེང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་དམར་དམག་ལུང་པའི་ཐང་ཆེན་དུ། ༼བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་གསུང་བརྩི། ཏང་གི་རྗེས་སུ་འབྲངས་༽ཞེས་པའི་རིག་རྩལ་འཁྲབ་སྟོན་འཁྲབ་སྟེ། ༼གསར་བརྗེ་སྲོལ་བཟང་རྒྱུན་འཛིན་དང་། མཆོང་བརྒལ་འཕེལ་རྒྱས་བརྩོན་ལེན་གྱིས། མགོ་ལོག་གི་བསམ་བློའི་ཞིང་ཁམས་བསྐྲུན་༽ཞེས་པའི་རྗེས་དྲན་བྱེད་སྒོ་དངོས་སུ་འགོ་བརྩམས།
         ཐེངས་འདིར་མགོ་ལོག་ཁུལ་གྱིས་པདྨ་རྫོང་ནས་དམར་དམག་རྒྱང་བསྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་༨༠ལོན་པར་རྗེས་དྲན་ཞུ་བའི་མུ་འབྲེལ་བྱེད་སྒོ་སྤེལ་སྐབས། མགོ་ལོག་ཁུལ་གྱི་རྒྱ་ཆེ་ལས་བྱེད་དང་མང་ཚོགས་པདྨའི་དམར་དམག་ལུང་པར་ལྷན་འཛོམས་བྱུང་ནས། ལོ་ངོ་༨༠སྔོན་དམར་དམག་གིས་མིའི་རིགས་འཕེལ་རྒྱས་ལོ་རྒྱུས་ཁྲོད་རླབས་ཆེན་གྱི་བྱ་གཞག་བསྐྲུན་པའི་མཛད་འཕྲིན་ལ་རྗེས་དྲན་དང་ཡི་རང་བྱས། རྗེས་དྲན་བྱེད་སྒོ་འདི་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་རྒྱང་བསྐྱོད་སྙིང་སྟོབས་ལ་སློབ་སྦྱོང་དང་། རྒྱང་བསྐྱོད་སྙིང་སྟོབས་སླར་གསོ་བྱས་ཏེ། ཁུལ་ཡོངས་ཀྱི་རྒྱ་ཆེ་ལས་བྱེད་དང་མང་ཚོགས་ཡོངས་ཀྱི་བསམ་བློའི་གོ་རྟོགས་མཐོར་འདེགས་གཏོང་བ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དུས་རབས་གསར་བའི་རྒྱང་བསྐྱོད་ལམ་དུ་བགྲོད་ཆེད་ཡིན་ཞིང་། དུས་འཚུངས་སུ་བྱེད་སྒོ་འདི་ལ་ཞུགས་པའི་ཏང་ཡོན་ལས་བྱེད་རྣམས་ཀྱིས་ཏང་གི་མནའ་ཚིག་བསྐྱར་འདོན་བྱས་པ་དང་། རྒྱང་བསྐྱོད་ལམ་དུ་བསྐྱར་འགྲོ་བྱས།
    ༄༅།།མགོ་ལོག་ཁུལ་གྱིས་དམར་དམག་རྒྱང་བསྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་༨༠ལོན་པར་
རྗེས་དྲན་ཞུ་བའི་མུ་འབྲེལ་བྱེད་སྒོ་པདྨའི་དམར་དམག་ལུང་པ་ནས་སྤེལ་བ།
    ༄༅།།མགོ་ལོག་ཁུལ་གྱིས་དམར་དམག་རྒྱང་བསྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་༨༠ལོན་པར་
རྗེས་དྲན་ཞུ་བའི་མུ་འབྲེལ་བྱེད་སྒོ་པདྨའི་དམར་དམག་ལུང་པ་ནས་སྤེལ་བ།
    ༄༅།།མགོ་ལོག་ཁུལ་གྱིས་དམར་དམག་རྒྱང་བསྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་༨༠ལོན་པར་
རྗེས་དྲན་ཞུ་བའི་མུ་འབྲེལ་བྱེད་སྒོ་པདྨའི་དམར་དམག་ལུང་པ་ནས་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།