འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བ་དང“སྤྱོད་
    ཚུལ་བཞིའི”གནད་དོན་827ལ་ཞིབ་བཤེར་ཐག་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་26ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “སྤྱོད་ཚུལ་བཞིའི”གནད་དོན་ལ་རྒྱུན་ཆད་མེད་པར་ཡོ་བསྲང་བྱས་ནས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བ་དང“སྤྱོད་ཚུལ་བཞིའི”གནད་དོན་ཁྱོན་827ཞིབ་བཤེར་ཐུབ་པ་དང་། མི་2161ལ་ཐག་གཅོད་བྱས་ཤིང་། ཐག་གཅོད་བྱས་པའི་མི་2161ནང་མི་602ལ་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་པ་བཅད་པ་རེད། རྫོང་རིམ་པ་ཡན་གྱི་ལས་བྱེད་པ་199དང་ཤང་གི་ཁོའོ་རིམ་པ་ཡན་གྱི་ལས་བྱེད་པ་1962ཡོད་པ་རེད།
         དཔེ་མཚོན་གྱི་གྱོད་དཔེ་ལས་མངོན་པར། གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བ་དང“སྤྱོད་ཚུལ་བཞིའི”གནད་དོན་གཙོ་བོ་ཁྲིམས་འགལ་ངང་ས་བཟུང་བ་དང་། སྒྲིག་འགལ་ངང་འཛུགས་སྐྲུན་བྱེད་པ། ལས་ཀའི་སྒྲིག་ཁྲིམས་ལས་འགལ་བ། གཞུང་འཁོར་སྒེར་སྤྱོད་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་སོགས་སུ་ཐོན་གྱི་ཡོད། སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་གྱིས་ལས་དོན་ཏན་ཏིག་བསྒྲུབས་ཏེ་དུས་ཐོག་ཏུ་མཚོ་སྔོན་དགོན་ལུང་ཐན་ཡུའུ་ཏི་ཀོར་ཧྥུ་སྤོ་ལོ་རྒྱག་ས་དང་ཁྲི་ཀ་རྫོང་གི་དྭངས་གསིང་རྨ་ཆུའི་ཡུལ་སྐོར་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས(ཀོར་ཧྥུ་སྤོ་ལོ་རྒྱག་ས་ཚུད་པ)སུ་གནས་པའི་ཁྲིམས་འགལ་ས་བཟུང་དང་སྒྲིག་འགལ་འཛུགས་སྐྲུན་གནད་དོན་ལ་ཆེད་དོན་ཞིབ་བཤེར་བྱས་ཁར། དུས་བཀག་ནང་བཅོས་སྒྲིག་བྱ་རྒྱུའི་བཀའ་ཡང་བཏང་བ་རེད། མཚོ་སྔོན་གྱིས་ལས་བྱེད་པའི་སྤྱོད་ཚུལ་ལེགས་གཏོང་ཐད་སྒྲིག་ཁུངས་བཅད་གྲངས་བཟུང་ནས་ལས་གནས་ཐོག་མེད་པའི་མི་817གཙང་བཤེར་དང་ཕྱིར་འབུད་བྱས་པ་དང་། གནད་དོན་ཡོད་པའི་ལས་བྱེད་པ་190ཞིབ་བཤེར་ཐག་གཅོད་བྱས་པ། ལས་མེད་ཕོགས་ཟ་བྱེད་མཁན་མི་37ཞིབ་བཤེར་ཐག་གཅོད་བྱས་པ། མི་18ལ་ནད་རྐྱེན་ལས་འཁྱུར་འགྲོ་ལུགས་གཉེར་བ། མི་10ལས་གནས་སུ་བསྐྱར་ལོག་བྱས་ཏེ་རྩ་འཛུགས་ཀྱིས་ཐག་གཅོད་བྱས་པ། མི་9གནས་དབྱུང་བཏང་བ། གླ་ཕོགས་སྒོར་ཁྲི་94.3སློག་ཏུ་བཅུག་པ་བཅས་བྱས་པ་རེད།
         ཉེ་བའི་ལོ་བཞིའི་རིང་། མཚོ་སྔོན་གྱིས་འབུལ་རྟེན་དང་ཤོག་ཆག་མི་ལེན་པའི་ཁས་ལེན་བྱེད་སྒོ་སྤེལ་ཞིང་། ཏང་ཡོན་ལས་བྱེད་པ་ཁྲི་15ལྷག་ཙམ་གྱིས་ཡིག་ཐོག་ཁས་ལེན་བྱས་ནས་ཤོག་ཆག་དང་དེ་བཞིན་ཅ་དངོས་ཉོ་སྒྲུབ་གཱ་ཡི་སྒོར་ཁྲི་12.4རང་འགུལ་ངང་གོང་འབུལ་ཞུས་ཡོད། 2014ལོའི་ཟླ་9པ་ཚུན། ཞིང་ཆེན་དོ་དམ་གྱི་ལས་བྱེད་པ་93གྱིས་ཞིང་ཆེན་སྒྲིག་ཨུད་ལ་གཉེན་སྒྲིག་དང་འཆི་གོད་ཀྱི་བྱ་བ་རང་འགུལ་ངང་སྔ་སྣུར་ནས་ཐོ་འགོད་སྙན་སེང་ཞུས་པ་དང་ཆབས་ཅིག སྒྲིག་བཤེར་སྡེ་ཚན་གྱིས་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། ཟླ་མཆོད་དུས་ཆེན་སོགས་ལ་དམིགས་ནས་སྲིད་གཙང་འཕྲིན་ཐུང་སྐུར་བ་དང་། ལྟ་སྐུལ་ཐེར་འདོན་ཆེད་ཁུལ་བཙུགས་པ། ལྟ་སྐུལ་ཐེར་འདོན་ཁ་པར་བཙུགས་པ། མིང་བཏོན་ནས་བརྡ་ཁྱབ་ཡོངས་བསྒྲགས་བྱེད་པ་སོགས་བྱེད་སྟངས་བརྒྱུད། “དུས་ཆེན་གྱི་ནད”ཐོན་རྒྱུར་མཐའ་གཅིག་ཏུ་བཀག་འགོག་བྱས་པས་མིག་སྔར་ཁག་ཐེངས་4ཡི་སྒྲིག་འགལ་གནད་དོན་129མིང་བཏོན་ནས་བརྡ་ཁྱབ་ཡོངས་བསྒྲགས་བྱས་པ་རེད།
         གཞུང་འཁོར་སྒེར་སྤྱོད་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཁར། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཤིང་། འདི་ལོའི་ཟླ་བརྒྱད་པའི་ཟླ་མཇུག་བར་མཚོ་སྔོན་གྱིས་སྒྲིག་འགལ་ངང་གཞུང་འཁོར་བཀོད་སྒྲིག་དང་བེད་སྤྱོད་བྱས་རིགས་ཀྱི་གནད་དོན་137ཞིབ་བཤེར་ཐུབ་པ་དང་། མི་350ཐག་གཅོད་བྱས་པ། མི་35ལ་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་པ་བཅད་པ་བཅས་དང་། ཀྲུང་དབྱང་སྒྲིག་ཨུད་དང་ཞིང་ཆེན་སྒྲིག་ཨུད་ཀྱིས་བསྒྲུབ་རྒྱུར་ལྟ་སྐུལ་བྱས་པའི་གནད་དོན་43གྱི་ཁུངས་སྣེར་སྒོ་བྱང་བཀལ་ནས་བསྒྲུབ་རྒྱུར་ལྟ་སྐུལ་བྱས་པ་དང་། 2016ལོའི་ཟླ་1པོ་ནས་8པའི་ཟླ་མཇུག་བར་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་56ཞིབ་བཤེར་བྱས་པ་དང་མི་96ཐག་གཅོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།