འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཚན་ཞིབ་རྒྱལ་སྤྱི་ཅན་ལ་དམིགས་ནས་སྨན་སྦྱོར་བོད་སྨན་གྱི་སྤུས་ཚད་ཚོད་
    འཛིན་ཆུ་ཚད་མཐོ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་26ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ལོ་མང་འགག་སྒྲོལ་བྱས་པ་བརྒྱུད། མུ་ཏིག་བདུན་བཅུ་དང་མུ་ཏིག་ཉེར་ལྔ་སོགས་བོད་སྨན་རྩེར་སོན་གྱི་སྤུས་ཚད་ཚོད་འཛིན་དང་ཞིབ་འཇུག་བྱས་པར་ཉེ་ཆར་ཚད་བརྒལ་བྱུང་ནས། སྨན་སྦྱོར་དེ་རིགས་ཀྱི་བོད་སྨན་གྱི་སྤུས་ཚད་བདེ་འཇགས་ཚད་ལྡན་ཅན་དུ་འགྱུར་རྒྱུར་ངོ་བོ་གཏན་འཁེལ་གྱི་བྱེད་ཐབས་ཤིག་ཡོད་པ་རེད། རིགས་གཅིག་མཁས་ཅན་གྱིས་དེ་ནི་རང་རྒྱལ་གྱི་བོད་སྨན་གྱི་རྒྱལ་སྤྱིའི་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད་ཅེས་བཤད།
         མཚོ་སྔོན་ཞིང་ཆེན་སྨན་རྫས་བརྟག་བཤེར་དང་ཞིབ་དཔྱད་ཚད་ལེན་ཁང་གི་ཞིབ་འཇུག་པ་ཝང་ཧུའེ་ཁྲུན་གྱིས། མཚོ་བོད་ས་མཐོ་ནི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་འབྱུང་ཁུངས་ཡིན་པ་དང་། དམིགས་བསལ་གྱི་ས་གཤིས་ཁོར་ཡུག་དེས་ཕུན་སུམ་ཚོགས་པའི་རང་བྱུང་སྨན་རྫས་ཐོན་ཁུངས་དང་རྩེར་སོན་དང་ཕན་ནུས་ཆེ་བའི་སྲོལ་རྒྱུན་གྱི་བོད་སྨན་སོགས་སྐྱེད་སྲིང་བྱས་ཡོད། ཀྲུང་ལུགས་གྱི་སྨན་དང་རང་བྱུང་སྨན་རྫས་སོགས་སྲོལ་རྒྱུན་གྱི་སྨན་རྫས་གསོ་ཐབས་ལ་འཛམ་གླིང་ས་ཕྱོགས་ཁག་གིས་དགའ་བསུ་རྒྱ་ཁྱབ་ངང་ཐོབ་པ་དང་བསྟུན་ནས། བོད་སྨན་ཞིབ་འཇུག་དང་འཕེལ་རྒྱས་ལའང་གོ་སྐབས་གསར་པ་ཞིག་རག་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         དེར་བརྟེན། མཚོ་སྔོན་ཞིང་ཆེན་གྱིས་《རིན་ཆེན་སྨན་སྦྱོར་བོད་སྨན་གྱི་སྤུས་ཚད་ཧྲིལ་པོའི་ཚོད་འཛིན་བྱེད་ཐབས་དང་ཞིབ་འཇུག་》བཀོལ་སྤྱོད་ཀྱི་རྨང་གཞིའི་འཆར་འགོད་རྣམ་གྲངས་ནང་བཅུག་ནས། ཚན་ཞིབ་པ་སྒྲིག་འཛུགས་ཀྱིས་རྙོག་འཛིང་ཆེ་བའི་སྨན་སྦྱོར་བོད་སྨན་ཁྲོད་ཆེས་མཚོན་བྱེད་རང་བཞིན་ལྡན་པའི་སྨན་རྫས་ལ་ཕྱོགས་ཡོངས་ནས་སྤུས་ཚད་ཚོད་འཛིན་དང་ཞིབ་འཇུག་བྱས་པས། རྒྱལ་ཁབ་ཕྱི་ནང་ཀུན་གྱིས་ཁས་ལེན་དང་དང་ལེན་བྱེད་པའི་སྤུས་ཚད་ཚོད་འཛིན་བྱེད་ཐབས་ཤིག་ཆགས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཞིབ་འཇུག་རྣམ་གྲངས་དེས་གོང་གསལ་སྨན་རིགས་ཀྱི་རོ་ནུས་སྣ་ཚོགས་དང་། གྲུབ་ཆ་སྣ་ཚོགས་ཀྱི་ངོ་བོ། གྲངས་འབོར་གཏན་འཁེལ་གྱི་ཚད་ལྡན་བྱ་ཐབས་སོགས་ཀྱི་སྤུས་ཚད་ཧྲིལ་པོའི་ཚོད་འཛིན་བྱེད་ཐབས་བཟོས་པས་སྤུས་ཚད་ཚོད་འཛིན་གྱི་ཆུ་ཚད་ཇེ་མཐོར་ཕྱིན་པ་རེད། དེ་དང་ཆབས་ཅིག སྨན་སྣ་གཅིག་མཚུངས་དང་ཁེ་ལས་གཅིག་མཚུངས་ཀྱི་ཁག་གྲངས་མི་འདྲ་བ་དང་དེ་བཞིན་ཁེ་ལས་མི་འདྲ་བའི་དངོས་དཔེའི་དབར་གྱི་ཧེ་བག་བསྡུར་ནས། ཐོན་རྫས་ཀྱི་སྤུས་ཚད་དང་བོད་སྨན་གྱི་ལྕགས་རིགས་གཞི་རྒྱུར་ཕྱོགས་བསྡུས་གདེང་འཇོག་ལ་བློས་འགེལ་ཆོག་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། གོང་གསལ་གྱི་གྲུབ་འབྲས་དེས་བོད་སྨན་གྱི་སྤུས་ཚད་ཕྱོགས་ཡོངས་ནས་ཚོད་འཛིན་བྱས་པར་དཔེ་སྟོན་གྱི་ནུས་པ་མཁོ་འདོན་བྱས་ནས། སྨན་སྦྱོར་བོད་སྨན་གྱི་བདེ་འཇགས་དང་། ནུས་ཐོན། བརྟན་ལྷིང་བཅས་འགན་ལེན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།