འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་འགྲིམ་འགྲུལ་ཐོན་ལས་འཕེལ་རྒྱས་ཀྱི་མ་འཇོག་ཐེབས་རྩ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་26ཉིན། 09:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མ་འཇོག་དང་མ་རྩ་མཉམ་འདྲེས་སྒྱུར་བཅོས་མགྱོགས་སུ་དང་། སྤྱི་ཚོགས་མ་རྩ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་གཏོང་རྒྱུར་ཁྲིད་སྟོན་བྱ་ཆེད་མཚོ་སྔོན་ཞིང་ཆེན་གྱིས་བཙུགས་པའི་འགྲིམ་འགྲུལ་ཐོན་ལས་འཕེལ་རྒྱས་ཀྱི་ཐེབས་རྩ་ཉིན་ཤས་གོང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་རེད།
         “ཐེབས་རྩའི་འཕེལ་རྒྱས་ཀུང་སིའི་གཉེར་སྐྱོང་ནང་རྐང་དབང་མ་འཇོག་དོ་དམ་དང་། མ་འཇོག་བློ་འདྲི། ཁེ་ལས་མ་འཇོག མ་རྩ་དོ་དམ་བཅས་ཚུད་ཡོད”ཐེབས་རྩས་རྩ་དོན་ཐོག་ཚད་ཡོད་རོགས་ཟླའི་ལམ་ལུགས་ཀྱི་འཁོར་སྐྱོད་བྱེད་སྟངས་སྤྱད་དེ་ཁྱོན་མ་དངུལ་སྒོར་དུང་ཕྱུར་300ནས་500བར་དག་ནོར་སྲིད་མ་དངུལ་དང་དེ་མིན་གྱི་སྤྱི་ཚོགས་མ་དངུལ་མཉམ་དུ་བཏང་སྟེ་བསྐྲུན་རྒྱུ་ཡིན་ཞེས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་མ་ཅི་ཞའོ་ཡིས་བཤད།
         ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་མཚོ་སྔོན་ཞིང་ཆེན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་གཏན་འཇགས་མ་དངུལ་སྒོར་དུང་ཕྱུར་1109བཏང་བ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”རིང་ལས་ལྡབ་གཅིག་འཕར་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཚོ་སྔོན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་གཏན་འཇགས་མ་དངུལ་སྒོར་དུང་ཕྱུར་2000ཡན་བཏང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་རྨང་གཞིའི་ཐོག་སླར་ཡང་ལྡབ་གཅིག་འཕར་ནས་འགྲིམ་འགྲུལ་གྱི་གཏན་འཇགས་མ་དངུལ་ལོར་ཆ་སྙོམས་15%འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།