འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཕྱོགས་ཀྱིས་སྐྲུན་འགན་འཁུར་བའི་ཕ་ཁི་སི་ཐན་གྱི་ཆུ་གློག་རྣམ་གྲངས་ཆེ་ཤོས་ལ་
    གྲུབ་འབྲས་ཆེན་པོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་26ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་23ཉིན།  ཕ་ཁི་སི་ཐན་གྱི་ཉི་ལུའུ་མུའི་ཅེ་ལུའུ་མུའུ་ཆུ་ཤུགས་གློག་ཁང་རྣམ་གྲངས་ཀྱི་ཆུ་འདྲེན་ཕུག་ལམ་TBM697གྱི་ཕུག་ལམ་གཏལ་འབིགས་ཀྱི་རྟེན་འབྲེལ་མཛད་སྒོ་ཚེས་23ཉིན་ཕ་ཁི་སི་ཐན་གྱི་ཚོད་འཛིན་འོག་གི་ཀ་སྨིར་ས་ཁུལ་གྱི་རྣམ་གྲངས་རྟེན་གཞིར་གཟབ་རྒྱས་ངང་འཚོགས་པ་དེ་ཐོག་ནས་ཆུ་འདྲེན་ཕུག་ལམ་གྱི་ཕྱོགས་གཅིག་དངོས་སུ་ཤར་གཏོང་ཐུབ་ནས་རྣམ་གྲངས་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་མཚོན་ཡོད།
         རྣམ་གྲངས་དེ་ནི་ཕ་ཁི་སི་ཐན་དུ་སྐྲུན་བཞིན་པའི་ཆུ་གློག་ལས་གྲྭའི་རྣམ་གྲངས་ཆེ་ཤོས་ཡིན་པ་དང་དེ་ཡང་ཀྲུང་གོ་ཀེ་ཀྲོའུ་ཆུ་རགས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་(གཤམ་དུ་ཀེ་ཀྲོའུ་ཆུ་རགས་ཚོགས་པ་ཞེས་བསྡུ་རྒྱུ་)དང་ཀྲུང་གོ་འཕྲུལ་ཆས་སྒྲིག་ཆས་ཕྱིར་གཏོང་ནང་འདྲེན་སྤྱི་ཁྱབ་ཀུང་སི་ལས་གྲུབ་པའི་མཉམ་འབྲེལ་སྒྲིག་གཞིས་སྐྲུན་འགན་འཁུར་བ་དང་ཀེ་ཀྲོའུ་ཆུ་རགས་ཚོགས་པའི་ལས་གྲྭ་ཚད་ཡོད་ཀུང་སི་ཨང་གསུམ་པས་སྣེ་ཁྲིད་དེ་ལག་བསྟར་བྱས་ནས་2008ལོའི་ཟླ་1ཚེས་30ཉིན་དངོས་སུ་ལས་འགོ་ཚུགས་པ་རེད།
         ཕ་ཁི་སི་ཐན་ཆུ་གློག་གསར་སྤེལ་ཧྲུའུ་ཡི་ཀྲུའུ་ཞི་མུའུ་ཀྲ་མི་ལེ·ཧོ་སའེ་དབྱིན་གྱིས་ཤིས་ཚིག་གསུང་སྐབས། ཉི་ལུའུ་མུའི་ཅེ་ལུའུ་མུའུ་ཆུ་ཤུགས་གློག་ཁང་གི་ལས་གྲྭའི་རྣམ་གྲངས་ནི་ཕ་ཁི་སི་ཐན་སྲིད་གཞུང་གིས་ནུས་རྒྱུའི་ཉམས་ཉེན་ཐག་གཅོད་བྱ་ཆེད། སྔོན་ལ་ལག་བསྟར་བྱས་པའི་ནུས་རྒྱུའི་ལས་གྲྭ་ཞིག་ཡིན་པ་དང་རྣམ་གྲངས་དེ་ལས་མཇུག་འགྲིལ་རྗེས་ཕ་ཁི་སི་ཐན་གྱི་གློག་ཤུགས་མི་འདང་བ་དང་ནུས་རྒྱུ་དཀོན་པའི་གནད་དོན་ཐག་གཅོད་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
         ཀེ་ཀྲོའུ་ཆུ་རགས་ཚོགས་པའི་ལས་གྲྭ་ཚད་ཡོད་ཀུང་སི་ཨང་གསུམ་པའི་ཏུང་ཧྲི་ཀྲང་ཏེང་དབྱིང་ཆིསTBM697གྱི་ཕུག་ལམ་ཤར་གཏོང་ཐུབ་པ་དེ་ཐོག་ནས་ཉི་ལུའུ་མུའི་ཅེ་ལུའུ་མུའུ་ལས་གྲྭར་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མཚོན་ཐུབ། ལས་གྲྭའི་འཛུགས་སྐྲུན་མི་སྣས་རྣམ་གྲངས་ལག་བསྟར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་གློག་གཏོང་བའི་དམིགས་ཚད་སྔ་ཙམ་མངོན་འགྱུར་ཡོང་བ་བྱས་ནས་ཕ་ཁི་སི་ཐན་གྱི་མི་དམངས་དང་སྲིད་གཞུང་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉི་ལུའུ་མུའི་ཅེ་ལུའུ་མུའུ་ཆུ་གློག་ལས་གྲྭའི་རྣམ་གྲངས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་སྤྱིའི་ཤོང་ཚད་ཀྲོའུ་ཝ་969ཡོད་པ་དང་2018ལོར་གློག་ཁང་གི་འཕྲུལ་ཙུའུ་ཚང་མས་གློག་གཏོང་རྒྱུ་ཡིན་པ་རེད། དེས་མ་ཟད་ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་51.5ཙམ་ཟིན་པ་དེས་ཕ་ཁི་སི་ཐན་གྱི་ཆུ་གློག་གིས་གློག་གཏོང་ཚད་ཀྱི་12%བཟུང་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོ་ལེགས་སུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། འདི་ནི་ཕ་ཁི་སི་ཐན་གྱི་ཚོད་འཛིན་འོག་གི་ཀ་སྨིར་ས་ཁུལ་བྱང་རྒྱུད་ནས་པར་བརྒྱབ་པའི་ཕ་ཁི་སི་ཐན་གྱི་ཉི་ལུའུ་མུའུ་ཡི་ཅེ་ལུའུ་མུའུ་ཆུ་ཤུགས་གློག་ཁང་རྣམ་གྲངས་ཀྱི་ལས་གྲྭ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།