འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་འདི་ཉིད་ཀུ་ཤུའི་མཉེན་ཆས་ཀྱི་ཁྲོམ་ར་ཆེ་ཤོས་སུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་26ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་23ཉིན་གློག་འཕྲིན་འབྱོར་གསལ། བརྟག་དཔྱད་བྱས་པའི་གྲུབ་འབྲས་ལས་མངོན་པར། མིག་སྔར་ཀྲུང་གོ་འདི་ཉིད་ཀུ་ཤུ་ཀུང་སིའི་ཉེར་སྤྱོད་མཉེན་ཆས་ཀྱི་གོ་ལ་ཧྲིལ་པོའི་བྲིན་ཚོང་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད་པ་རེད།
         ཁྲོམ་ར་བརྟག་ཞིབ་ཀུང་སི་AppAnnieཡིས་ཉིན་ཤས་གོང་སྙན་ཞུ་ཞིག་ཁྱབ་བསྒྲགས་བྱས་པའི་ནང་འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར། ཀྲུང་གོ་འདི་ཉིད་ཨ་རི་ལས་བརྒལ་ནས་ཀུ་ཤུ་ཀུང་སིའི་ཉེར་སྤྱོད་མཉེན་ཆས་ཀྱི་གོ་ལ་ཧྲིལ་པོའི་བྲིན་ཚོང་ཁྲོམ་ར་ཆེ་ཤོས་སུ་གྱུར་པ་དང་བྲིན་ཚོང་ཡོང་འབབ་ཟིན་ཐོ་ལས་བརྒལ་ནས་ཨ་སྒོར་དུང་ཕྱུར་17ཟིན་ཡོད་པ་རེད། དེ་གོང་ཨ་རི་ནི་ཀུ་ཤུ་ཀུང་སིའི་མཉེན་ཆས་བྲིན་ཚོང་ཁྲོམ་ར་ཆེ་ཤོས་ཡིན་ཞེས་འཁོད་ཡོད་པ་རེད།
         སྙན་ཞུའི་ནང་དུས་ཚིགས་དེར་ཀུ་ཤུ་ཀུང་སིའི་ཉེར་སྤྱོད་མཉེན་ཆས་ཀྲུང་གོའི་ཁྲོམ་རའི་ཐོག་བཙོངས་པའི་ཡོང་འབབ་དེ་ཨ་རིའི་ཁྲོམ་ར་ལས་15%ཙམ་གྱིས་མཐོ་བ་ཡོད་པ་དང་སྔོན་དཔག་བྱས་ན་2020ལོར་སླེབས་སྐབས་ཀྲུང་གོར་བྲིན་ཚོང་བྱེད་ཚད་མགྱོགས་མྱུར་འཕར་བའི་རྣམ་པ་ཞིག་ཐོན་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
         སྙན་ཞུའི་ནང་མངོན་པར། མིག་སྔར་ཀྲུང་གོར་ཡོད་པའི་ཀུ་ཤུའི་ཉེར་སྤྱོད་མཉེན་ཆས་ཚོང་ཁང་ནང་རོལ་རྩེད་རིགས་ཀྱི་ཐོན་རྫས་ནི་སྔར་བཞིན་ཡོང་འབབ་ཀྱི་ཡོང་ཁུངས་གཙོ་བོ་ཞིག་ཡིན་མོད། འོན་ཀྱང་སྤྱི་ཚོགས་འབྲེལ་བའི་དྲ་རྒྱ་དང་། དཔེ་དེབ། པར་རིས། བརྙན་ལམ་སོགས“རོལ་རྩེད་མིན་པའི”མཉེན་ཆས་བྲིན་ཚོང་བསྡུར་ཚད་ཀྱང་མཐོ་རུ་འགྲོ་བཞིན་ཡོད་པ་དང་འདས་ཟིན་པའི་ལོ་གཅིག་གི་བྲིན་ཚོང་ཡོང་འབབ་ལྡབ་གཉིས་ཙམ་འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།