འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་600ཟིན་པའི་མྱུར་བགྲོད་ཁབ་ལེན་འཕྱོ་གཡེང་
    མེ་འཁོར་ཞིབ་འཇུག་གསར་སྤེལ་བྱེད་འགོ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་26ཉིན། 09:15】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་མེ་འཁོར་མ་རྐང་ཚད་ཡོད་ཀུང་སིས་ཡོངས་བསྒྲགས་བྱས་པར་གཞིགས་ན། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་600ཟིན་པའི་མྱུར་བགྲོད་ཁབ་ལེན་འཕྱོ་གཡེང་མེ་འཁོར་དང་། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་400ཟིན་པའི་རྒྱལ་སྒྲོལ་མཉམ་འདྲེན་མྱུར་བགྲོད་མེ་འཁོར་ལྕགས་ལམ་འགྲིམ་འགྲུལ་མ་ལག་གི་བདེ་འཇགས་འགན་ལེན་ལག་རྩལ་སོགས་ཀྱི་རྣམ་གྲངས་ཆེན་པོ་གསུམ་ཞིབ་འཇུག་གསར་སྤེལ་བྱ་རྒྱུ་ཡིན་པ་དང་། དེ་ནི་རང་རྒྱལ་དུ་ཁེ་ལས་ཀྱིས་སྣེ་འཁྲིད་དེ་སྒྲིག་འཛུགས་དང་ལག་བསྟར་བྱས་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཆེད་དོན་རྣམ་གྲངས་ཐོག་མ་དེ་ཡིན་པ་དང་། དེ་ཐོག་ནས་རང་རྒྱལ་གྱི་ཚན་རྩལ་དོ་དམ་ལམ་སྲོལ་སྒྱུར་བཅོས་ཀྱི་ཆེད་དོན་ཚོད་ལྟ་བྱེད་འགོ་བཙུགས་པ་མཚོན་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཞིབ་འཇུག་གསར་སྤེལ་བྱེད་འགོ་བཙུགས་པའི་ཁབ་ལེན་འཕྱོ་གཡེང་མེ་འཁོར་གྱི་འགྲིམ་འགྲུལ་མ་ལག་གི་འགག་རྩའི་ལག་རྩལ་རྣམ་གྲངས་དེའི་དམིགས་ཡུལ་གཙོ་བོ་ནི་མགྱོགས་ཚད་མྱུར་འབྲིང་གི་ཁབ་ལེན་འཕྱོ་གཡེང་མེ་འཁོར་འགྲིམ་འགྲུལ་མ་ལག་ལ་འཕྱོ་གཡེང་དང་། འདྲུད་འཐེན། ཚོད་འཛིན་བཅས་ཀྱི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱས་ནས་རང་རྒྱལ་གྱིས་རང་ཚུགས་བྱས་པ་དང་དེར་རྒྱལ་སྤྱིའི་ཐོག་ཡོངས་ཁྱབ་ངང་འཚམ་པའི་དུས་རབས་གསར་པའི་མགྱོགས་ཚད་མྱུར་འབྲིང་གི་ཁབ་ལེན་འཕྱོ་གཡེང་མེ་འཁོར་གྱི་འགྲིམ་འགྲུལ་གྱི་ལྟེ་བའི་ལག་རྩལ་མ་ལག་དང་དེའི་ཚད་ལྡན་ཅན་གྱི་མ་ལག་ལྡན་པ་དང་། མགྱོགས་ཚད་མྱུར་འབྲིང་གི་ཁབ་ལེན་འཕྱོ་གཡེང་མེ་འཁོར་གྱི་འགྲིམ་འགྲུལ་མ་ལག་དང་སྒྲིག་ཆས་ལ་རྦད་དེ་རང་ཚུགས་ཅན་དང་ཐོན་ལས་ཅན་གྱི་ནུས་པ་ལྡན་པ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།