འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཁུང་ཙིའི་འཁྲུངས་ཡུལ་དུ་ཀྲུང་གོའི་དགེ་རྒན་གྱི་དངོས་མང་རྟེན་རྫས་བཤམས་མཛོད་ཁང་རྒྱག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་26ཉིན། 09:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་ཧྲན་ཏུང་ཆུས་ཕུའུ་དགེ་འོས་སློབ་ཆེན་ནས་ཤེས་རྟོགས་བྱུང་བར། ཆུས་ཕུའུ་དགེ་འོས་སློབ་ཆེན་གྱིས་རྒྱལ་ནང་དུ“ཀྲུང་གོའི་དགེ་རྒན་གྱི་དངོས་མང་རྟེན་རྫས་བཤམས་མཛོད་ཁང”ཐོག་མ་དེ་བརྒྱབ་ནས་འབྲེལ་ཡོད་རིག་དངོས་དང་ལོ་རྒྱུས་ཀྱི་དཔྱད་ཡིག རིག་གནས་དངོས་པོ་རྩ་ཆེན། ཅ་དངོས་དང་ཡིག་ཚགས་སོགས་མྱུར་སྐྱོབ་ངང་སྲུང་སྐྱོང་དང་བསྐྱར་གསོ་བྱས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་གོའི་སློབ་གསོ་འཕེལ་རྒྱས་ཀྱི་འབྱུང་རིམ་ཆ་ལག་ཚང་བའི་ངང་འབྱེད་པ་མ་ཟད། སློབ་གསོའི་ལས་རིགས་དང་ཐོབ་ཐང་གི་འཕོ་འགྱུར་ཡང་ལེགས་པར་བཀོད་ནས་སློབ་གསོའི་སྲིད་ཇུས་དང་དགེ་རྒན་གྱི་སྲིད་ཇུས་ལ་འཕོ་འགྱུར་ཅི་བྱུང་བ་དང་། མི་རིགས་ཀྱི་རིག་གནས་དྲན་ཤེས་མི་བརྗེད་པར་བྱེད་པ། དགེ་རྒན་ལ་གུས་བརྩི་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ཚུལ་བཅས་བསྟན་ཡོད།
         འཛུགས་སྐྲུན་འཆར་འགོད་ལ་གཞིགས་ཚེ། ཆུས་ཕུའུ་དགེ་འོས་སློབ་ཆེན་གྱིས་ས་ཁོངས་དང་རིག་གནས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་རིག་ཚན་མང་པོའི་རིག་གཞུང་གི་ཐོན་ཁུངས་དང་ཤེས་ལྡན་པ་སྔོག་འདོན་བསྡུ་སྒྲིལ་བྱས་ནས་ཀྲུང་གོའི་དགེ་རྒན་གྱི་དངོས་མང་རྟེན་རྫས་བཤམས་མཛོད་ཁང་དེ་སློབ་གསོའི་རིག་དངོས་ཉར་ཚགས་ལྟེ་གནས་དང་། སློབ་གསོའི་རིག་གནས་འགྲེམས་སྟོན་ལྟེ་གནས། སློབ་གསོའི་ཤུལ་བཞག་ཞིབ་འཇུག་ལྟེ་གནས། དགེ་རྒན་གྱི་རིག་གནས་སྤེལ་རེས་ལྟེ་གནས། གཞོན་ནུ་ལོ་ཆུང་གི་སློབ་གསོའི་རྟེན་གཞི། སྤྱི་དམངས་ཀྱི་རིག་གནས་སོས་དལ་ལྟེ་གནས་བཅས་སུ་བསྐྲུན་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།