འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།དབང་དབྱང་གིས་རྒྱལ་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་གཏོད་འཛུགས་
    དང་ཞིང་ལས་ཐོན་རྫས་སྤུས་ ཚད་བདེ་འཇགས་རྫོང་གཏོད་འཛུགས་ལས་དོན་གྱི་ཚོགས་
    འདུའི་ཐོག་ཏུ་བཟའ་བཅའི་བདེ་འཇགས་འགན་ལེན་གྱི་ཆུ་ཚད་རྒྱུན་ཆད་
    མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་26ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་གཏོད་འཛུགས་དང་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་རྫོང་གཏོད་འཛུགས་ལས་དོན་གྱི་ཚོགས་འདུ་སི་ཁྲོན་གྱི་ཁྲེང་ཏུར་འཚོགས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ཀའོ་ལིའི་བཀའ་མངགས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབང་དབྱང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         དབང་དབྱང་གིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བཟའ་བཅའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་ས་གནས་རིམ་ཁག་སྲིད་གཞུང་གི་ཆབ་སྲིད་ལས་འགན་ཆེན་པོ་ཞིག་རེད། གཏོད་འཛུགས་ལས་དོན་ཚོད་ལྟའི་ངང་སྤེལ་བ་ལས་བྱུང་བའི་གྲུབ་འབྲས་ཐོན་པའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་འབྲེལ་ཁྱབ་གདལ་ཡང་གཏོང་བ་དང་། ཁོངས་གཏོགས་དོ་དམ་གྱི་འགན་འཁྲི་སྒྲུབ་ཤུགས་ཆེ་རུ་གཏོང་བ། དབང་གྲགས་ཆེ་བའི་ལྟ་སྐུལ་དོ་དམ་ལམ་སྲོལ་དང་ལམ་ལུགས་མགྱོགས་ནས་མྱུར་དུ་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ་གཅིག་གྱུར་བཟོ་བ། ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལྟ་སྐུལ་དོ་དམ་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དེང་རབས་ཆ་འཕྲིན་ལག་རྩལ་གྱི་བྱ་ཐབས་སྤྱད་དེ་ལྟ་སྐུལ་དོ་དམ་བྱ་ཐབས་གསར་གཏོད་བྱ་རྒྱུར་སྣང་ཆེན་བྱས་ནས་ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་དགོས། ཞིང་ལས་དེང་རབས་ཅན་དང་བཟའ་བཅའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བཟའ་བཅའི་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ཐད་ཀྱི་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་བྱེད་པོའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱེད་པ། ཞིང་སྨན་དང་ཕྱུགས་སྨན་ལྷག་ལུས་བྱུང་བ་ཚད་ལས་བརྒལ་བ་དང་བཟའ་བཅའི་སྦྱོར་རྫས་ཁྲིམས་འགལ་ངང་སྤྱོད་པ་དང་གང་བྱུང་དུ་སྤྱོད་པ་སོགས་ཀྱི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། བཟའ་བཅའི་བདེ་འཇགས་ཐད་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ། ཞིང་ནང་ནས་གསོལ་ལྕོག་བར་གྱི་འགག་སྒོ་ནན་གྱིས་སྲུང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ལྕེ་ཐོག་གི་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།