འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་ནགས་ཚལ་ཐོན་ཁུངས་འཕར་མང་ཤོས་ཀྱི་རྒྱལ་ཁབ་ཏུ་མུ་མཐུད་
    འགྱུར་བཞིན་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་26ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་24ཉིན་རྒྱལ་སྤྱིའི་ནགས་ལས་ཞིབ་འཇུག་རྩ་འཛུགས་མནའ་འབྲེལ་དང་ཀྲུང་གོ་ནགས་ལས་ཚན་རིག་ཞིབ་འཇུག་ཁང་གིས་མཉམ་དུ་གཉེར་བའི“རྒྱལ་སྤྱིའི་ནགས་ལས་ཞིབ་འཇུག་རྩ་འཛུགས་མནའ་འབྲེལ་ཨེ་ཤེ་ཡ་དང་རྒྱ་མཚོ་ཆེན་པོའི་གླིང་ཆེན་ས་ཁོངས་ཀྱི་ཚོགས་ཆེན”པེ་ཅིང་དུ་འཚོགས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་ཕུའུ་ཧོ་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད། རྒྱལ་སྤྱིའི་ནགས་ལས་ཞིབ་འཇུག་རྩ་འཛུགས་མནའ་འབྲེལ་གྱི་ཀྲུའུ་ཞི་དབུན་ཧྥེར་ཏེ་དང་ཀྲུང་གོ་ནགས་ལས་སློབ་ཚོགས་ཀྱི་ལས་འཛིན་པ་གཞོན་པ་ཁྲེན་ཀྲང་ལེང་སོགས་ཀྱིས་སྔ་རྗེས་སུ་ཤིས་ཚིག་གསུངས་པ་རེད།
         ད་ཐེངས་ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི“རྒྱུན་མཐུད་འཕེལ་རྒྱས་ཀྱི་ནགས་ཚལ—ཞིབ་འཇུག་གི་ནུས་པ”ཞེས་པ་དེ་ཡིན་པ་རེད། འཛམ་གླིང་ས་ཕྱོགས་ཁག་ནས་ཡོང་བའི་ནགས་ལས་རིགས་གཅིག་མཁས་ཅན་དང་མཁས་དབང་800ཡིས་དཔལ་འབྱོར་དང་། སྣོད་བཅུད། སྤྱི་ཚོགས། རིག་གནས་སོགས་ཕྱོགས་མང་པོའི་ཟུར་ཚད་ཀྱི་ཐོག་ནས་ཚན་རྩལ་གསར་གཏོད་ཀྱི་ནུས་པ་འདོན་སྤེལ་ཇི་ལྟར་བྱས་ཏེ་ནགས་ཚལ་རྒྱུན་མཐུད་འཕེལ་རྒྱས་ཐུབ་པ་བྱ་རྒྱུའི་ཐད་ཞིབ་འཇུག་བྱས་པ་རེད།
         རྒྱལ་ཁབ་ནགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཕུང་ཡིའུ་ཏུང་གིས་ཤིས་ཚིག་སྒྲོན་སྐབས་དེ་ནི་རྒྱལ་སྤྱིའི་ནགས་ལས་ཞིབ་འཇུག་རྩ་འཛུགས་མནའ་འབྲེལ་གྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དུ་གཉེར་བའི་ས་ཁུལ་གྱི་ཚོགས་ཆེན་ཐེངས་དང་པོ་དེ་ཡིན་ལ། ཀྲུང་གོས་ནགས་ལས་ཚན་རྩལ་ཁྱབ་ཁོངས་སུ་འཚོགས་པའི་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱལ་སྤྱིའི་ཚོགས་འདུ་གཟབ་རྒྱས་ཤིག་ཀྱང་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོ་སྲིད་གཞུང་གིས་ནགས་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་སྔར་ན་མེད་པའི་ལོ་རྒྱུས་ཀྱི་མཐོ་ཚད་ཅིག་ཏུ་སྐུལ་འདེད་བཏང་ཡོད། ནགས་ཚལ་ཁེབས་ཚད་དང་གསོག་ཚད་དེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་ཅིག་ཏུ་བརྩི་བ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་ནང་དོན་གཙོ་བོར་བརྩིས་ཏེ“རྒྱུད་གཅིག་ལམ་གཅིག”སོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ནང་བཅུག་ཡོད། ཀྲུང་གོའི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་དུང་ཕྱུར་2.08ཟིན་པ་དང་། ནགས་ཚལ་གསོག་ཚད་སྨི་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར་151.37ཟིན་པ། ནགས་ཚལ་ཁེབས་ཚད་21.66%ཟིན་པ། ནགས་ཚལ་གྱི་ཐན་འགྱུར་དངོས་པོ་གསོག་ཚད་ཏུན་དུང་ཕྱུར་84.27ཟིན་པ། ལོ་རེར་སྣོད་བཅུད་ཞབས་ཞུའི་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་13ཟིན་པ་བཅས་བྱུང་ནས་གོ་ལ་ཧྲིལ་པོའི་ནགས་ཚལ་ཐོན་ཁུངས་འཕར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་མུ་མཐུད་འགྱུར་བཞིན་ཡོད་ཅེས་བརྗོད་པ་རེད།
         ཕུང་ཡིའུ་ཏུང་གིས་ང་ཚོས་རང་བྱུང་ནགས་ཚལ་ཚོང་ལས་རང་བཞིན་ལྡན་པའི་ངང་གཅོད་རྒྱུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱས་ཏེ་རྨོ་སྐྱུར་ནགས་གསོ་རྒྱུན་མཐུད་བྱེད་པ་དང་འདམ་རའི་ཐོན་ཁུངས་སྲུང་སྐྱོང་དང་ས་ཞིང་བྱེ་འགྱུར་བཅོས་སྒྲིག་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས་སྣོད་བཅུད་ཁོར་ཡུག་ཞན་དུ་འགྲོ་ཚུལ་སྤྱིའི་ཆ་ནས་བཀག་འགོག་རགས་ཙམ་ཐུབ་ཡོད། 2015ལོར་རྒྱལ་ཡོངས་ཀྱི་ནགས་ལས་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་5.94ཟིན་པ་དང་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་དངུལ་གྲངས་ཨ་སྒོར་དུང་ཕྱུར་1400ཟིན་ནས་དཔལ་འབྱོར་ནགས་ལས་ཐོན་རྫས་དང་། མི་བཟོས་པང་ལེབ། པང་གཅལ་སོགས་ནགས་ཚལ་ཐོན་རྫས་གཙོ་བོའི་ཐོན་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་ཅེས་བརྗོད་པ་རེད།
         ཀྲུང་གོ་ནགས་ལས་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲང་ཧྲོའུ་ཀུང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་འབྲེལ་《ཀྲུང་གོའི་ནགས་ཚལ་སྐྱེད་སྲིང་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་》ཞེས་འགོ་བརྗོད་དུ་འཁོད་པའི་གཙོ་དོན་སྙན་ཞུ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།