འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།དགུང་ལོ་བདུན་ཅུ་ལྷག་ཕེབས་པའི་རྒན་པོ་ཞིག་སྐྱབས་ནས་དྲན་པ་སོས་དུས་"ནད་གཡོག་གིས་ཟ་མ་
    བཟས་མ་སོང་"ཞེས་བྲིས་ནས་ཕན་ཚུན་བསམ་ཤེས་བྱེད་དགོས་ཞེས་བརྗོད་པ།  

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་25ཉིན། 16:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དགུང་ལོ་བདུན་ཅུ་ལྷག་ཕེབས་པའི་རྒན་པོ་ཞིག་སྐྱབས་ནས་དྲན་པ་སོས་དུས་'ནད་གཡོག་གིས་ཟ་མ་
བཟས་མ་སོང་'ཞེས་བྲིས་ནས་ཕན་ཚུན་བསམ་ཤེས་བྱེད་དགོས་ཞེས་བརྗོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ10ཚེས21ཉིན་དགུང་ལོ་71ལ་ཕེབས་པའི་སྐུ་ཞབས་ཀུའོ་ལགས་ཧྲའན་ཞི་ཞིང་ཆེན་ཡན་ཨན་སློབ་ཆེན་ཞན་དབྱང་སྨན་ཁང་དུ་ལུས་ཁམས་བརྟག་དཔྱད་བྱེད་དུས། གློ་བུར་དུ་དྲན་པ་ཐོར་བས་མྱུར་སྐྱོབ་ལྟེ་གནས་སུ་བསྐྱལ་ནས་སྨན་བཅོས་མི་སྣ་ཚོས་ཆུ་ཚོད་6རིང་གི་མྱུར་སྐྱོབ་བྱས་པ་བརྒྱུད། བགྲེས་སོང་དེ་ཉིད་འཆི་བའི་ལམ་ནས་སྐྱབས་པ་རེད། བགྲེས་སོང་དེ་དྲན་པ་སོས་རྗེས་འདར་བའི་ལག་པས་ནད་གཡོག་ཟིན་ཐོར་"ནད་གཡོག་གིས་ཟ་མ་བཟས་མ་སོང་"ཞེས་བྲིས་པ་རེད། དོན་འདི་དྲ་ཐོག་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་སུ་ཁྱབ་སྤེལ་བྱས་མ་ཐག་གྲོས་བསྡུར་འཁྲུག་པོ་ཞིག་བྱུང་བ་རེད། སྐུབས་ཞབས་ཀུའོ་ལགས་ཀྱི་ཚེ་རོགས་མཁྱེན་ལྡན་མ་ཝང་ལགས་ཀྱིས་བསམ་ཤེས་དང་ཁོང་ཡངས་ཆེ་ཙམ་བྱས་པ་དང་། ཕན་ཚུན་མཐུན་སྦྱོར་མང་ཙམ་བྱས་ན། ཐག་གཅོད་མི་ཐུབ་པའི་ནད་པ་དང་སྨན་པའི་བར་འགལ་བ་ཡོད་མི་སྲིད་ཅེས་བཤད་པ་རེད། འདི་ནི་ཟླ10ཚེས་24ཉིན་ནད་གཡོག་གིས་སྐུ་ཞབས་ཀུའོ་ལགས་ལ་ནད་དྲག་ཚུལ་འདྲི་བཞིན་ཡོད་པ།
    【1】  【2】  【3】
    ༄༅།།དགུང་ལོ་བདུན་ཅུ་ལྷག་ཕེབས་པའི་རྒན་པོ་ཞིག་སྐྱབས་ནས་དྲན་པ་སོས་དུས་'ནད་གཡོག་གིས་ཟ་མ་
བཟས་མ་སོང་'ཞེས་བྲིས་ནས་ཕན་ཚུན་བསམ་ཤེས་བྱེད་དགོས་ཞེས་བརྗོད་པ།
      

    ཕྱོགས་བསྡུས་གསར་འགྱུར།