འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།གྲངས་ཉུང་མི་རིགས་ཀྱི་སློབ་མ་རྒྱང་སྐྱོད་ཀྱི་འགོ་བརྩམས་སར་བསྐྱོད་དེ་རྒྱང་སྐྱོད་ཀྱི་སྙིང་སྟོབས་
    དར་སྤེལ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་26ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་ཆེད། ཚེས་21ཉིན་ནན་ཁྲང་བཟོ་སྐྲུན་སློབ་གླིང་གི་གྲངས་ཉུང་མི་རིགས་ཀྱི་སློབ་མ་100ལྷག་ཙམ་གྱིས་རྒྱང་སྐྱོད་ཀྱི་འགོ་བརྩམས་ས་ཡུས་ཏུའུ་རུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱས་པ་རེད།
         སློབ་མ་ཚོས་རྒྱང་སྐྱོད་ཀྱི་དྲན་གསོའི་རྡོ་རིང་དང་པོའི་མདུན་དུ་《རྒྱང་སྐྱོད་ཀྱི་ཚན་སྒྲིག་གླུ་དབྱངས་》ཀྱི་མཉམ་གཞས་ཆེ་མོ་བཏང་བ་དང《སྐྱེལ་མ》《རྒྱལ་མོ་རྔུལ་ཆུ་སྒྲོལ་བ》《གངས་རི་དང་རྩྭ་ཐང་བརྒལ་བ་》སོགས་གླུ་གཞས་བཏང་ནས་དམར་དམག་རྒྱང་སྐྱོད་ཀྱི་དགའ་སྐྱོ་གཉིས་ལྡན་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་སླར་ཡང་མངོན་པ་བྱས་པ་རེད།
         སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་མཉམ་གཞས་ཆེ་མོ་བཏང་རྗེས་སོག་རིགས་ཀྱི་སློབ་མ་ཧོ་ཐིང་ཐིང་གིས་དེ་རིང་སྔ་དྲོ་ང་ཚོ་རྒྱང་སྐྱོད་ཀྱི་འགོ་བརྩམས་སར་ཡོང་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་པ་དང་སླད་ཕྱིན་ང་ཚོས་རྒྱང་སྐྱོད་ཀྱི་སྙིང་སྟོབས་སློབ་སྦྱོང་དང་འཚོ་བའི་ཁྲོད་དར་སྤེལ་ཤུགས་ཆེན་གཏོང་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད།
         ཤིན་ཅང་ཡུ་གུར་རིགས་ཀྱི་སློབ་མ་བུ་མོ་གཱ་སྨི་ལ་ད་རེས་ཀྱི་བྱེད་སྒོའི་ནང་ཞུགས་རྒྱུ་བྱུང་བར་སེམས་འགུལ་ཚད་མེད་ཐེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་སྐབས་སུ་གསུང་བཤད་གལ་ཆེན་གནང་བས་དེང་རབས་སློབ་ཆེན་སློབ་མ་ཞིག་ཡིན་པའི་ངོས་ནས་ང་ཚོས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་སློབ་སྦྱོང་ལ་འབད་བརྩོན་གྱིས་མི་ཚེའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་སྐྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།