འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྐྱེ་ལྡན་ཞིང་ལས་ཐོན་ཟོག་འགྲེམས་ཚོང་ཚོགས་འདུ་སྐབས་བཞི་པ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་26ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་སྐྱེ་ལྡན་ཞིང་ལས་ཐོན་ཟོག་འགྲེམས་ཚོང་ཚོགས་འདུ་སྐབས་བཞི་པ་དང་ཀྲུང་གོའི་ཇ་བག་ཆུང་ཉོ་ཚོང་ཚོགས་འདུ་ཧུའུ་པེ་ཞིང་ཆེན་ཁྲེ་པེ་གྲོང་ཁྱེར་དུ་འཚོགས་པ་རེད།
         འགྲེམས་ཚོང་དུ་སྐྱེ་ལྡན་ཞིང་ལས་ཐོན་ཟོག་དང་ཇ་ལོའི་འགྲེམས་ཁུལ་2བཀོད་སྒྲིག་བྱས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་12300ཡོད་པ། འགྲེམས་གནས་380ཡོད་པ་རེད། འགྲེམས་ཚོང་ནང་ཞུགས་མཁན་ཚོང་དུད་ཀྱི་གྲས་སུ་ཀུའེ་ཀྲོའུ་དང་། ཀོང་ཏུང་། ཡུན་ནན་སོགས་ཞིང་ཆེན་30ལྷག་ཙམ་དང་དེ་བཞིན་ནེའུ་ཙི་ལན་དང་། ཐེ་ལན། ཝེ་ཐེ་ནམ་སོགས་རྒྱལ་ཁབ་མང་པོ་ཞིག་ཡོད་པ་རེད། འགྲེམས་ཚོང་ལ་ཞུགས་མཁན་ཁེ་ལས་ཀྱི་གྲས་སུ་རྒྱལ་ཁབ་རིམ་པའི་སྣེ་འདྲེན་ཁེ་ལས་17དང་ཞིང་ཆེན་རིམ་པའི་སྣེ་འདྲེན་ཁེ་ལས་75ཡོད་པ་རེད། ཁྲེ་པེ་གྲོང་ཁྱེར་གྱི་གྲོང་གསེབ་གཞུང་ལས་ཁང་གི་ཀྲུའུ་རེན་ཕང་ཡུས་ཚེས་ས་གནས་ས་ཐོག་ཏུ་ཉོ་སྒྲུབ་བྱས་པ་དང་། ཆེད་མངགས་འོས་སྦྱོར་བྱས་པ། ཚོང་དོན་ངོ་འཕྲད་གྲོས་མོལ་བྱས་པ་བཅས་བརྒྱུད་འགྲེམས་ཚོང་བྱ་ཡུལ་དངོས་སུ་ཚོང་འགྲིག་དངུལ་གྲངས་སྒོར་ཁྲི་2156.3ཟིན་པ་དང་གན་འཇོག་མ་དངུལ་སྒོར་དུང་ཕྱུར་38.8ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         ཉེ་བའི་ལོ་ཤས་རིང་ཁྲེ་པེ་ཇ་ལོའི་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ཞིང་ཐོན་ལས་འབྲེལ་ཐག་གི་ཐོན་ཟོག་རིན་ཐང་སྒོར་དུང་ཕྱུར་32ཟིན་པ་དང་། རྒྱལ་ཡོངས་ཀྱི་ཇ་ལོ་ཐོན་ཡུལ་གཙོ་གནད་རྫོང་(གྲོང་ཁྱེར)100ནང་ཨང་བརྒྱད་པར་སླེབས་པ། ཇ་བག་ཆུང་བྲིན་ཚོང་གི་ཁྲོམ་རའི་ཐོབ་སྐལ་རྒྱལ་ཡོངས་ཀྱི་35%ཡན་ཟིན་ཡོད། ན་ནིང་གི་ལོ་མཇུག་བར་ཁྲེ་པེ་གྲོང་ཁྱེར་ཇ་ལོ་ར་བའི་རྒྱ་ཁྱོན་མུའུ་ཁྲི་13.8བར་ཆེ་རུ་སོང་བ་དང་ལོ་རེར་ཇ་ལོ་ཐོན་ཚད་ཏུན་ཁྲི་3.6ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།