འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིས་ཁ་ལོ་བ་མེད་པའི་རླངས་འཁོར་ཡོངས་བསྒྲགས་ ངང་ཚད་ལེན་ཚོད་ལྟ་ཐེངས་
    དང་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་24ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དབྱིན་ཇིས་ཁ་ལོ་བ་མེད་པའི་རླངས་འཁོར་ཡོངས་བསྒྲགས་ངང་ཚད་ལེན་ཚོད་ལྟ་ཐེངས་དང་པོ་བྱས་པ། ཉེ་ཆར་དབྱིན་ཇིའི་ཚོགས་པ་ཞིག་གིས་གསར་སྤེལ་བྱས་པའི་ཁོ་ལོ་བ་མེད་པའི་རླངས་འཁོར་དབྱིན་ཇིའི་ལྷོ་ཕྱོགས་ཀྱི་སྨིའར་ཏུན་གྲོང་རྡལ་ཁེ་ཨེན་སིའི་ཁྲོམ་གཞུང་དུ་ཡོངས་བསྒྲགས་ངང་ཚད་ལེན་ཚོད་ལྟ་ས་ཐེངས་དང་པོ་བྱས་ཤིང་། འབྲེལ་ཡོད་གྲུབ་འབྲས་ལས་དབྱིན་ཇིར་ཁ་ལོ་མེད་པའི་འཁོར་གཏོང་ལག་རྩལ་ཁྱབ་ཁོངས་འཕེལ་རྒྱས་མགྱོགས་པོ་འགྲོ་རྒྱུར་སྐུལ་འདེད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།
         ཁ་ལོ་བ་མེད་པའི་རླངས་འཁོར་གྱི་རྣམ་གྲངས་དེ་དབྱིན་ཇི་སྲིད་གཞུང་གིས་བཙུགས་པའི་འགྲིམ་འགྲུལ་ཁོངས་གཏོགས་ཀྱི་ལག་རྩལ་འཕེལ་རྒྱས་ལྟེ་གནས་ཀྱིས་སྣེ་ཁྲིད་ནས་ལག་ལེན་བསྟར་བ་ཞིག་རེད། ཉེ་ཆར་ཚོགས་པ་དེས་སྨིའར་ཏུན་ཁེ་ཨིན་སི་མེ་འཁོར་བབས་ཚུགས་དང་དེ་བཞིན་ཚོང་ལས་ཁུལ་ཉེ་འཁོར་གྱི་ལམ་དུ་ཁ་ལོ་བ་མེད་པའི་རླངས་འཁོར་དེ་བདེ་བླག་ངང་ཚོད་གཏོང་བྱས་པ་རེད།
         ཀོར་ཧྥུ་སྤོ་ལོ་རྒྱག་སྐབས་སྤྱོད་པའི་རླངས་འཁོར་གྱི་ཆེ་ཆུང་དང་མཚུངས་པའི་སྡོད་གནས་གཉིས་ལྡན་གྱི་གློག་བསྐུལ་རླངས་འཁོར་དེའི“ཀླད་པ”ནི་མིང་ལ“Seleni-um”ཞེས་པའི་རང་ཚུགས་ཚོད་འཛིན་མཉེན་ཆས་ཤིག་ཡིན་པ་དང་། ལྟེ་བའི་ལག་རྩལ་ནི་ཉེའུ་ཅིན་སློབ་ཆེན་གྱི་ཞིབ་འཇུག་པས་གསར་སྤེལ་བྱས་པ་ཞིག་ཡིན། རྗེས་སུ་ཉེའུ་ཅིན་སློབ་ཆེན་གྱིས་བཙུགས་པའི་ཚན་རྩལ་ལས་གཏོད་ཀུང་སིOx-boticaཡིས་མུ་མཐུད་འཐུས་སྒོ་ཚང་དུ་བཏང་བ་དང་འབྲེལ་གློག་སྒུལ་རླངས་འཁོར་ཐོག་སྡེབ་སྒྲིལ་བྱས་པ་ཞིག་ཡིན་པ་རེད
      

    ཕྱོགས་བསྡུས་གསར་འགྱུར།