འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་སྲིད་གཞུང་གིས་ཀཱ་ན་བརྙན་འཕྲིན་དུས་ཆེན་ཐོག་གློག་བརྙན་དང་བརྙན་འཕྲིན་གྱི་
    འོས་སྦྱོར་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་20ཉིན། 09:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་གསར་འགྱུར། ཟླ་10ཚེས་17ཉིན། ཧྥ་རན་སེ་ཀཱ་ནའི་སྟོན་དུས་བརྙན་འཕྲིན་དུས་ཆེན་ཧྥ་རན་སེའི་ལྷོ་རྒྱུད་ཀྱི་མཚོ་འགྲམ་གྲོང་ཁྱེར་ཀཱ་ན་རུ་གཉེར་འགོ་ཚུགས་པ་དང་། ཉིན་འདིར་འཚོགས་པའི“ཀྲུང་གོ་ཤེས་ཚོར”ཞེས་པའི་ཀྲུང་གོའི་གློག་བརྙན་དང་བརྙན་འཕྲིན་གྱི་ནང་དོན་འོས་སྦྱོར་བྱེད་པའི་ཚོགས་འདུའི་ཐོག་ཀྲུང་གོའི་ཀྲུང་སི་10ལྷག་ཙམ་གྱིས་ངོ་མཚར་ཆེ་བའི་བརྩམས་ཆོས་20ཙམ་འགྲེམས་སྟོན་བྱས་ཏེ་རྒྱལ་སྤྱིའི་ཐོག་འགྲེམས་སྤེལ་བྱེད་པའི་གོ་སྐབས་བཙལ་བར་ལས་རིགས་གཅིག་པའི་མི་སྣའི་དོ་སྣང་ཆེན་པོ་ཐོབ་པ་རེད།
         ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུ་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ཧྲང་ཧའེ་ཝུའུ་ཨན་བརྒྱུད་བསྒྲགས་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བ་འདི་ནི་ཀཱ་ན་བརྙན་འཕྲིན་དུས་ཆེན་ཐོག་ཀྲུང་གོའི་གཞུང་ཕྱོགས་ཀྱིས་འོས་སྦྱོར་ཚོགས་འདུ་འཚོགས་ཐེངས་དང་པོ་དེ་ཡིན།
         ཀྲུང་གོའི་ཀུང་སིས་ས་གནས་ས་ཐོག་ཏུ་གློག་བརྙན་སྟོན་པའི་རྣམ་པའི་ཐོག་ནས་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་འོས་སྦྱོར་བྱས་པའི་ནང་དོན་ནི་གྲོང་ཁྱེར་ཆེན་པོའི་འཚོ་བ་དང་། སྤྱི་ཚོགས་གནད་དོན། རང་བྱུང་ཡུལ་ལྗོངས་སོགས་ཡིན་པ་དེའི་ནང་བརྙན་འཕྲིན་འཁྲབ་ཚན་《སྤྲིན་པ་བཞོན་ནས་མཚོ་ཐོག་ཏུ་སྐྱོད་པའི་ཟིན་ཐོ་》དང་། ཀོ་ཕིག་《འཕུར་སྐྱོད་ཕོ་རྒོད་》 གནས་ཚུལ་དངོས་མཚོན་གྱི་པར་གཞི་《བྱང་སྣེ། བྱང་སྣེ་》སོགས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།