འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཉིང་ཁྲིས་ལམ་ཚད་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་བྱ་རྒྱུ་ཡིན་པ།

    རྒྱུག་ལམ་གྱི་ཆ་སྙོམས་ས་བབ་སྨི་3000ཡོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་20ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར། ཟླ་བཅུ་པའི་ཟླ་མཇུག་ཏུ་བོད་ཀྱི་ཉིང་ཁྲིས་2016ལོའི་གནམ་ལྕགས་འབར་བའི་ལམ་ཚད་ཕྱེད་ཀའི་རི་ཐང་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་བྱ་རྒྱུ་ཡིན་པ་དང་རྒྱུག་ལམ་གྱི་ཆ་སྙོམས་ས་བབ་ལ་སྨི་3000ཡོད།
         གནམ་ལྕགས་འབར་བའི་ལམ་ཚད་ཕྱེད་ཀའི་རི་ཐང་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་དེ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་ཤིང་། རྒྱུག་ལམ་A4རིམ་པའི་ཡར་ཀླུང་གཙང་པོའི་རོང་ཆེན་དུ་ཡིན་པ་དང་། སྐད་གྲགས་ཆེ་བའི་གནམ་ལྕགས་འབར་བ་དང་བར་ཐག་ཉེ་པོ་ཡོད་ལ། ལམ་ཐག་ཧྲིལ་པོར་སྤྱི་ལེ་21དང་ལམ་བར་གྱི་ས་བབ་མཐོ་ཤོས་ལ་སྨི་3200ཟིན་པས་ས་བབ་མཐོ་བའི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་ཁོངས་སུ་གཏོགས་ཀྱི་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། འགྲན་བསྡུར་བྱ་ཡུལ་ས་བབ་མཐོ་བའི་ས་ཆ་ཡིན་པས། འགྲན་དོན་སྒྲིག་འཛུགས་ཨུ་ལྷན་གྱིས་མིང་ཐོ་འགོད་མཁན་བདམས་ཐོན་པའི་ལོ་ཚད་ལོ་16ཡན་ནས་ལོ་60མན་བར་གཏན་འཁེལ་བྱས་པ་དང་སྦྲགས། ལོ་གཅིག་ནང་ཚུན་དུ་ཀ་པ་རིམ་པ་གཉིས་པའི་སྨན་ཁང་གིས་གཟུགས་པོར་བརྟག་དཔྱད་བྱས་པའི་ངོ་སྤྲོད་མཁོ་འདོན་བྱེད་དགོས་པ་དང་། གཞན་ཡང་། ད་དུང་ལོ་1ཙམ་ནང་སྤྱི་ལེ་10དང་དེ་བཞིན་དེ་ཡན་གྱི་རྒྱུག་ཤར་འགྲན་བསྡུར་ལ་ཞུགས་པའི་གཞུང་ཕྱོགས་ཀྱི་ལག་ཁྱེར་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         ཉིང་ཁྲིར“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་གྲགས་པས་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་གཞན་དང་བསྡུར་ན་ས་བབ་ཅུང་དམའ་བ་དང་། ནགས་ཚལ་ཁྱབ་རྒྱ་ཆེ་བ། མཁའ་རླུང་ནང་གསོ་རླུང་ལྡན་ཚད་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། ནམ་དུས་སྟོན་ཁ་འཁེལ་བས། འགྲན་ལམ་གྱི་མཛེས་ལྗོངས་ལྟ་བས་མི་ངོམས་པ་ཞིག་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།