འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲང་ཁྲུན་གློག་བརྙན་དུས་ཆེན་སྐབས་བཅུ་གསུམ་པ་མཇུག་བསྒྲིལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་17ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཧོང་ཞའོ་མིང་།
    ཧོང་ཞའོ་མིང་།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་15ཉིན་གྱི་དགོང་མོར་ཀྲུང་གོའི་ཁྲང་ཁྲུན་གློག་བརྙན་དུས་ཆེན་སྐབས་བཅུ་གསུམ་པ་མཇུག་བསྒྲིལ་ཞིང་། "གསེར་གྱི་ཤ་བའི་བྱ་དགའ"ཡི་བྱ་དགའ་རྣམ་གྲངས་ཆེ་གྲས་ཁག་རེ་རེ་བཞིན་ཡོངས་བསྒྲགས་བྱས་པ་རེད། འཁྲབ་སྟོན་པ་ཧོང་ཞའོ་མིང་གིས་《ཐང་རྒྱལ་རབས་ཀྱི་བླ་མ་ཤྱན་ཙང་》ཞེས་པའི་ནང་འཁྲབ་སྟོན་ཕུལ་བྱུང་བྱས་པས་སྐྱེས་པའི་འཁྲབ་མཁན་གཙོ་བོ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་དང་། 《གདོན་འདྲེ་བཏུལ་བ་》ཞེས་པའི་འཁྲབ་སྟོན་པ་གཙོ་བོ་པའེ་པའེ་ཧོ་ལ་སྐྱེས་མའི་འཁྲབ་མཁན་གཙོ་བོ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད། ཅིང་པའོ་རན་གྱིས་《ཕྲུ་གུ་འཚོལ་བ་》ཞེས་པར་བརྟེན་ནས་སྐྱེས་པའི་འཁྲབ་མཁན་གཞོགས་འདེགས་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་དང་། ཨེར་ཏུང་ཧྲེན་གྱིས་《ང་ནི་ལམ་འགྲོ་བ་ཀ་ཡིན་》ཞེས་པར་བརྟེན་ནས་འཁྲབ་ཁྲིད་པ་ལེགས་ཤོས་ཀྱི་བྱ་དགའ་ཐོབ་པ་རེད། 《ཐང་རྒྱལ་རབས་གྱི་བླ་མ་ཤྱན་ཙང་》ཞེས་པར་རྒྱ་སྐད་ཀྱི་སྒྲུང་གཏམ་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།
    པའེ་པའེ་ཧོ།
    པའེ་པའེ་ཧོ།
    ཅིང་པའོ་རན།
    ཅིང་པའོ་རན།
    ཨེར་ཏུང་ཧྲེན།
    ཨེར་ཏུང་ཧྲེན།
    《ཐང་རྒྱལ་རབས་གྱི་བླ་མ་ཤྱན་ཙང་།》
    《ཐང་རྒྱལ་རབས་གྱི་བླ་མ་ཤྱན་ཙང་།》
      

    ཕྱོགས་བསྡུས་གསར་འགྱུར།