འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཞིབ་བཟོ་བྱས་པའི་གོ་ལ་ཧྲིལ་པོའི་ཚངས་ཐིག་རིང་ཤོས་ཀྱི་རླུང་འཁོར་ཏེ་ཝ་
    ཐི་ས་ཡ་5ཡི་མཚོ་ཐོག་རླུང་གློག་འཕྲུལ་ཚན་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་17ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་15ཉིན་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པས་ཞིབ་བཟོ་བྱས་པའི་གོ་ལ་ཧྲིལ་པོའི་ཚངས་ཐིག་རིང་ཤོས་ཀྱི་རླུང་འཁོར་ཞིག་ཡིན་པའི་ས་ཡ་ཝ་ཐི་5ཡི་མཚོ་ཐོག་རླུང་གློག་འཕྲུལ་ཚན་ཅང་སུའུ་རུ་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན་འཕྲུལ་ཚན་དེས་རླུང་གི་མྱུར་ཚད་གཅིག་མཚུངས་ཡིན་པའི་ཆ་རྐྱེན་འོག་རྒྱལ་སྤྱིའི་ཐོག་གི་རིམ་པ་གཅིག་མཚུངས་ཡིན་པའི་འཕྲུལ་ཚན་ལས་གློག་གཏོང་ཚད་20%ཡན་གྱིས་མང་བ་གཏོང་ཐུབ་ཀྱི་ཡོད་པ་རེད། རང་རྒྱལ་གྱི་ཚད་དམའི་གློག་གནོན་གྱི་ཚད་བརྒལ་ཚོད་ལྟ་ཐེངས་དང་པོ་བྱུང་བའི་འཕྲུལ་ཚན་དེར་རང་ཚུགས་ཤེས་བྱའི་བདག་དབང་ལྡན་པ་མ་ཟད། ཐོན་སྐྱེད་འབོར་ཆེན་ཐུབ་པའི་མཚོ་ཐོག་རླུང་གློག་འཕྲུལ་ཚན་ཞིག་ཀྱང་རེད། དེས་ཕྱི་རྒྱལ་གྱི་ལག་རྩལ་སྒེར་སྡེམ་ལས་བརྒལ་ཡོད་པ་རེད།
         འདི་ནི་ཚེས་15ཉིན་གསར་འགོད་པར་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
         དེང་སྐབས་ཁྲོམ་རའི་ཐོག་གི་མཚོ་ཐོག་རླུང་འཁོར་འཕྲུལ་ཚན་མང་ཆེ་བ་ནི་ཕྱི་རྒྱལ་ནས་ཐོན་པ་ཤ་སྟག་ཡིན་པ་དག་གིས་རང་རྒྱལ་གྱི་མཚོ་ཐོག་ཏུ་རླུང་གི་མྱུར་ཚད་དམའ་བ་སོགས་ཀྱི་ཁྱད་ཆོས་དང་བསྟུན་ཐུབ་ཀྱི་མེད། ད་རེས་ཞིབ་བཟོ་བྱས་པའི་འཕྲུལ་ཚན་དེའི་རླུང་འཁོར་གྱི་ཚངས་ཐིག་སྨི་151ལས་བརྒལ་བ་དང་། རླུང་བུ་ལྡང་རྒྱ་ཚད་ལྡན་རྐང་རྩེད་སྤོ་ལོ་ཐང་གཉིས་དང་ཕྱེད་ཀ་ལས་ཀྱང་ཆེ་བ་ཡོད། སྒྲིག་ཆས་དེས་ཆུ་ཚོད་རེར་གློག་ཏུའུ་5000འདོན་ཐུབ་པ་དང་། ཁྱིམ་ཚང་ཁྲི་1ལ་གློག་མཁོ་འདོན་ཐུབ་ཀྱི་ཡོད་པ་རེད།
         མིག་སྔར་མ་དཔེའི་འཕྲུལ་འཁོར་དེ་ལོ་བཞི་ཡི་མཚོ་ཐོག་ཏུ་ཚོད་གཏོང་བྱས་རྗེས་ཐོན་སྐྱེད་བྱེད་འགོ་འཛུགས་ཉེར་ཡོད་པ་རེད། མ་འོངས་པར་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པས་མུ་མཐུད་མཚོ་ཐོག་སྒྲིག་ཆས་ཀྱི་ལེགས་ཆ་བསྡུ་སྒྲིལ་བྱས་ནས་མཚོ་ཐོག་རླུང་འཁོར་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་སྒྲིག་ཆས་བཟོ་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།