འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་བརྗོད་
    བྱ་གཙོ་བོའི་པར་རྒྱག་འགྲེམས་སྟོན་ཀྲུང་ཧྭ་དུས་རབས་གླིང་དུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་17ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“བླ་ན་མེད་པའི་སྙིང་སྟོབས་ཟིན་ཐོར་བཀོད། འོད་སྟོང་འཕྲོ་བའི་སྟོབས་ཤུགས་གཅིག་ཏུ་སྒྲིལ—ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བ་དང་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་བརྗོད་བྱ་གཙོ་བོའི་པར་རྒྱག་འགྲེམས་སྟོན”དེ་ཚེས་15ཉིན་པེ་ཅིང་ཀྲུང་ཧྭ་དུས་རབས་གླིང་དུ་བྱས་པ་རེད།
         ད་རེས་ཀྱི་འགྲེམས་སྟོན་ཐོག་ཕུལ་བྱུང་པར་རྒྱག་བརྩམས་ཆོས་200འདེམས་སྒྲུག་བྱས་ནས་མང་ཚོགས་ལ་བསྟན་པའི་ནང་། ཝང་ཡའོ་དང་ཝང་ཝུན་ལན་སོགས་གྲགས་ཅན་པར་རྒྱག་མཁས་ཅན་དང་གཞོན་ནུ་པར་རྒྱག་མཁས་ཅན་ཚོས་ལོ་གཅིག་ཙམ་རིང་གཞི་རིམ་དུ་བསྐྱོད་དེ་འཚོལ་བསྡུ་དང་གསར་རྩོམ་བྱས་པའི་ཕུལ་བྱུང་བརྩམས་ཆོས་ཚུད་ཡོད་ལ། འདི་ལོའི་ཟླ་9པ་ཚུན་དུ། གཙོ་གཉེར་ཕྱོགས་ཀྱིས་དྲ་སྦྲེལ་དང་སྐད་འཕྲིན་སོགས་བརྒྱུད་འགྲེམས་སྟོན་གྱི་བརྗོད་བྱ་གཙོ་བོར་གཞིགས་ཏེ་སྤྱི་ཚོགས་ཐོག་ནས་འཚོལ་བསྡུ་བྱས་པའི་ཕུལ་བྱུང་པར་རྒྱག་བརྩམས་ཆོས་ཀྱང་ཚུད་ཡོད་པ་རེད།
         འགྲེམས་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་ལ་བརྗོད་བྱ་སྣ་ཁ་མང་ཞིང་། ནོའར་ཀེ་རྒྱལ་ཁབ་འདམ་ར་སྤྱི་གླིང་གི་སྣོད་བཅུད་སྲུང་སྐྱོང་པ་ནས་ཧུའེ་ཉིང་དམག་གསུམ་མཉམ་འཛོམས་དྲན་གསོ་ཁང་འཛུགས་སྐྲུན་པའི་བར་དང་། ཧྲའན་ཤིས་ཏིང་པེན་རྫོང་གི་ལོ་60དམར་དམག་གི་བཟའ་ཟླར་བརྩེ་སེམས་ཟབ་མོ་བཅངས་མཁན་ཨ་མ་རྒན་མོ་ནས་ཙུན་དབྱི་རེན་ཧོན་རྫོང་དུ་སྔོན་གཤེགས་དཔའ་བོའི་བང་སོ་བསྐྲུན་མཁན་མི་རབས་གཉིས་ཀྱི་བང་སྲུང་བའི་བར། རུའེ་ཅིན་གྲོང་གསེབ་ཀྱི་གནད་སྨིན་གནས་གཏན་འཁེལ་གྱི་དབུལ་སྐྱོར་ནས་ཧུང་ཡོན་རྫོང་བོད་རིགས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཉེ་འགྲམ་གྱི་མི་སྣེ་འཁྲིད་དེ་ཕྱུག་པོའི་ལམ་དུ་སྐྱོད་པའི་བར་སོགས་འགྲེམས་སྟོན་གྱིས་བརྙན་པར་ཐོག་ནས་གསར་བརྗེའི་རྒན་རབས་པ་ཚོས་སྐྱོད་མྱོང་བའི་ལམ་བུ་སླར་ཡང་མངོན་པ་བྱས་པ་དང་། ད་ཆའི་མི་རྣམས་ཀྱིས་རྣམ་པ་གསར་པའི་ཐོག་ནས་འཚོ་བ་སྐྱེལ་བ་དང་ལས་ཀ་བྱེད་པའི་དོན་དངོས་མཚོན་པ་བྱས་ཏེ་ལྟ་མཁན་ཚོས་ལོ་རྒྱུས་མི་བརྗེད་པ་དང་ཀྲུང་ཧྭ་ཡི་མི་རིགས་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་ཐུབ་པ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།