འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཕུལ་བྱུང་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་བསྟན་ཏེ་དམར་དམག་རྒྱང་སྐྱོད་ལ་
    རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་17ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10དང་11པར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཕུལ་བྱུང་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་སྟོན་པའི་བྱེད་སྒོ་སྤེལ་རྒྱུ་དང་། 《དཔའ་བརྟུལ་》སོགས་གློག་བརྙན་དང་《ལྕེབས་ཁའི་ཁ་ལོ་བསྒྱུར་མཁན་》སོགས་བརྙན་འཕྲིན་ལེ་ཚན་སྟོན་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་བྱེད་སྒོའི་ནང་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ་རྒན་རབས་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་འོད་སྟོང་འཕྲོ་བའི་གཟུགས་བརྙན་གཏོད་མཁན་མང་དག་ཅིག་གདམ་ནས་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་པའི་གསར་བརྗེའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་དོན་ཆེན་གང་ལེགས་མངོན་པ་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་བྱས་པའི་རླབས་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་དམར་དམག་རྒྱང་སྐྱོད་ཀྱི་རླབས་ཆེའི་གྲུབ་འབྲས་ཕྱོགས་ཡོངས་ནས་མཚོན་པའི་ཕུལ་བྱུང་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་གི་གློག་བརྙན་ཁང་གཙོ་བོ་དང་དེ་བཞིན་རྒྱ་ཆེའི་གྲོང་གསེབ་ས་ཁུལ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ཞིང་ཆེན་རིམ་པའི་སྲུང་སྐར་བརྙན་ལམ་བཅས་སུ་བསྟན་ཏེ་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་རྒྱུར་རིག་གནས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་རྒྱུ་རེད།
         གློག་བརྙན་སྟོན་པའི་བྱེད་སྒོའི་ནང་འོས་སྦྱོར་བྱས་པའི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་ཁྲོད་《རྒྱང་སྐྱོད་》དང་། 《ངའི་རྒྱང་སྐྱོད》 《བཀྲ་ཤིས་ཀྱི་རྒྱང་སྐྱོད་》སོགས་བསྐྱར་སྟོན་གློག་བརྙན་དང་《བཙན་འགག་སྨོས་མེད་》དང་། 《དམར་དམག་ལ་སྐྱེལ་མ་ཐེངས་བཅུ》 《ཅིང་ཀང་རི་བོ》 《དམག་སྤྱི་ཕུང་ཏེ་ཧོའེ》སོགས་བསྐྱར་སྟོན་བརྙན་འཕྲིན་འཁྲབ་ཚན་ཡོད་པ་མ་ཟད། གསར་གཏོད་རང་བཞིན་གྱི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་དེ་ཡང་ཡོད་པ་རེད། དེའི་ཁྲོད་གསར་གཏོད་བྱས་པའི་གློག་བརྙན་《དཔའ་བརྟུལ་》དང་《བཀག་རྒྱ་བཞི་པ་》སོགས་ཡོད་པ་དང་། གསར་དུ་པར་ལེན་བྱས་པའི་བརྙན་འཕྲིན་འཁྲབ་ཚན་《ལྕེབས་ཁའི་ཁ་ལོ་བསྒྱུར་མཁན་》དང་། 《དམག་གསུམ་མཉམ་འཛོམས་ཆེན་པོ་ཞིག》 《རྒྱང་སྐྱོད་མཉམ་འཛོམས་ཆེན་པོ་ཞིག》 《སྐར་དམར་གྱིས་ཀྲུང་གོ་རྒྱན་པར་བྱེད་》ཅེས་པ་སོགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།