འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཉེ་བའི་ལོ་16ཚུན་དུ་མཚོ་སྔོན་པོའི་མཚོ་ཁ་མཐོ་ཤོས་ལ་སླེབས་པ།

    རིགས་གཅིག་མཁས་ཅན་གྱིས་སྣོད་བཅུད་སླར་གསོ་ཡོང་བར་ཕན་ཐོགས་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་སུའོ་ཡིས་ཕྱི་ཕྱོགས་ལ་འདི་ལོའི་ཟླ་7པ་ནས་9པ་བར་མཚོ་སྔོན་པོའི་རྒྱུག་ཁོངས་ལ་ཆར་པ་ཡང་སེ་བབས་ནས་ཆར་ཆུ་མཚོའི་ནང་རྒྱུག་ཚད་མང་དུ་སོང་སྟབས་ཉེ་བའི་ལོ་16ཚུན་དུ་ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚེའུ་ཆེ་ཤོས་ཏེ་མཚོ་སྔོན་པོའི་མཚོ་ཁ་མཐོ་ཤོས་སུ་སླེབས་པའི་ཁྱབ་བསྒྲགས་བྱས་པ་རེད།
         མཚོ་སྔོན་པོའི་གནམ་གཤིས་སྲུང་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་མཐོ་རིམ་བཟོ་བཀོད་ཆེ་མོ་བ་ལིའུ་པའོ་ཁང་གིས་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་ཚན་རིག་ཞིབ་འཇུག་སུའོ་ཡི་སྲུང་སྐར་རྒྱང་ཚོར་གྱི་ལྟ་ཞིབ་ཚད་ལེན་གསར་ཤོས་ལས་མངོན་པར་གཞིགས་ན། ཟླ་9ཚེས་26ཉིན་བར་མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4451.45ཟིན་ཏེ་ན་ནིང་གི་དུས་མཚུངས་ལས་སྤྱི་ལེ་ངོས་གྲུ་52.07ཆེ་རུ་ཕྱིན་པ་དང་དེ་སྔོན་གྱི་དུས་མཚུངས་ལས་སྤྱི་ལེ་ངོས་གྲུ་135.80ཆེ་རུ་ཕྱིན་ནས་2001ལོ་ཚུན་གྱི་རྒྱ་ཁྱོན་ཆེ་ཤོས་སུ་གྱུར་ཡོད་ཅེས་དབྱེ་ཞིབ་བྱས་ནས་བཤད།
           ལིའུ་པའོ་ཁང་གིས་ལྷག་པར་དུ་ཟླ་8པའི་ཟླ་དཀྱིལ་དང་ཟླ་སྨད་ནས་བཟུང་ཆར་ཆུ་འབབ་ཚད་མུ་མཐུད་མང་དུ་སོང་བའི་དབང་གིས་ས་ངོས་ཀྱི་ཆར་ཆུ་བཞུར་ཚད་ལམ་སེང་མང་དུ་སོང་ནས་མཚོ་སྔོན་པོའི་ཆུ་ཁ་མཐོ་རུ་དང་རྒྱ་ཁྱོན་ཆེ་རུ་སོང་ཡོད་ཅེས་བཤད།
           དེ་དང་ཆབས་ཅིག་ཉེ་ཆར་ཀྲུང་གོ་ཚན་རིག་ཁང་ཝུའུ་ཧན་ཆུ་སྐྱེས་སུའོ་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ལྟ་ཞིབ་ཚད་ལེན་ཞིབ་འཇུག་པ་དང་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་མཚོ་སྔོན་པོའི་ཆུ་དང་དེ་བཞིན་གཙང་པོ་གཙོ་བོའི་ཆུའི་སྤུས་ཚད་བརྟག་དཔྱད་བྱ་ཡུལ་15ལ་བརྟག་དཔྱད་བྱེད་རིང་ད་རེས་ཀྱི་བརྟག་དཔྱད་སྟོན་རྟགས་དེ་ན་ནིང་གི་སྟོན་རྟགས་ལས་འགྱུར་བ་ཆེན་པོ་དེ་ཙམ་བྱུང་མེད་པར་ལུགས་དང་མཐུན་པ་ཞིག་ཡིན་པ་དེ་ཐོག་ནས་མཚོ་སྔོན་པོའི་ཆུའི་སྤུས་ཚད་རྒྱུན་མཐུད་བཟང་པོ་ཡོད་པ་གསལ་བཤད་ཐུབ་ཡོད།
           མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཟླ་10པའི་ཟླ་སྟོད་ནས་ཟླ་དཀྱིལ་བར་ཆར་ཆུ་འབབ་ཚད་དེ་སྔའི་དུས་མཚུངས་དང་བསྡུར་ཚེ་མཚོ་སྔོན་པོའི་རྒྱུག་ཁོངས་སུ་ཆར་ཆུ་འབབ་ཚད་ཉུང་བའམ་ཡང་ན་དེ་སྔ་དང་མཚུངས་པ་དང་ཟླ་9པ་ཚུན་གྱི་ཆར་ཆུ་འབབ་ཚད་དང་བཞུར་ཚད་ལ་གཞིགས་ཚེ་མཚོ་སྔོན་པོའི་རྒྱ་ཁྱོན་ཟླ་10པའི་ཟླ་སྟོད་ལ་རང་སོར་གནས་པའམ་ཡང་ན་ཅུང་ཆེ་རུ་ཕྱིན་ཡོད་པ་དང་ཟླ་10པའི་ཟླ་དཀྱིལ་ལམ་ཟླ་སྨད་དུ་རྒྱ་ཁྱོན་རིམ་བཞིན་ཆུང་དུ་འགྲོ་བཟོ་ཡོད་པ་རེད།
           ལིའུ་པའོ་ཁང་གིས་མཚོ་སྔོན་པོའི་རྒྱ་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་པ་དེས་མཚོ་སྔོན་པོའི་རྒྱུག་ཁོངས་ཧྲིལ་པོའི་ཆུ་རླངས་མང་དུ་དང་བཞའ་ཚན་ཆེ་རུ་ཕྱིན་ནས་སྣོད་བཅུད་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་སོང་སྟབས་ཉེ་འཁོར་གྱི་སྣོད་བཅུད་སླར་གསོ་དང་ས་ཞིང་བྱེ་འགྱུར་བཅོས་སྒྲིག་བྱེད་པར་ཕན་པ་ཡོད་ཀྱང་ཉེ་དུས་མཚོ་སྔོན་པོའི་ཆུ་ཁ་མུ་མཐུད་མཐོ་རུ་སོང་བའི་རྐྱེན་གྱིས་ཉེ་འཁོར་གྱི་ན་ཁ་དང་ཡུལ་སྐོར་གྱི་སྒྲིག་ཆས་ལ་སྐྱོན་ངེས་ཅན་ཞིག་བརྒྱབ་ཡོད་ཅེས་བཤད།
           མཚོ་བོད་ས་མཐོར་ཆགས་པའི་མཚོ་སྔོན་པོ་ནི་མཚོ་བོད་ས་མཐོའི་བྱང་ཤར་གྱི་སྣོད་བཅུད་བདེ་འཇགས་སྐྱོང་བའི་ཆུ་མོ་རྩ་ཆེན་ཞིག་ཡིན་པས། ནུབ་རྒྱུད་ཐང་རྒོད་ལ་གྱུར་ནས་ཤར་ལ་མཆེད་རྒྱུ་འགོག་ཐུབ་པ་མ་ཟད། ས་ཁོངས་ནང་གི་གནམ་གཤིས་སྙོམས་སྒྲིག་བྱེད་མཁན་གལ་ཆེན་ཞིག་ཀྱང་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།