འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་རིས་པ་ངག་དབང་སོགས་ཀྱི་བརྩམས་ཆོས་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལྷ་རིས་པ་ངག་དབང་སོགས་ཀྱི་བརྩམས་ཆོས་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན། ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི"བཟོ་རྩལ་མཛེས་རྩལ་འགྲེམ་སྟོན"གྱི་བརྩམས་བྱ་ཉར་ཚགས་བྱེད་པའི་མཛད་སྒོ་དེ་པེ་ཅིང་གྲོང་ཁྱེར་གྱི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་གཉེར་བ་རེད། བོད་རང་སྐྱོང་ལྗོངས་ཀྱི་ལྷ་རིས་པ་ངག་དབང་ཚུད་པའི་གསར་རྩོམ་མཁན་20ལྷག་གི་བརྩམས་ཆོས་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་བ་དང་། རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་འགོ་འཛིན་ལུས་ཀྲང་ཧྲེན་གྱིས་ལྷ་རིས་པ་ངག་དབང་ཚུད་པའི་གསར་རྩོམ་མཁན་ཚང་མར་བསྡུ་ཉར་ལག་ཁྱེར་སྤྲད་གནང་བ་རེད།
          བོད་ལྗོངས་ལྷ་ས་ནས་ཡིན་པའི་ངག་དབང་ནི་ཐེངས་འདིའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་བརྩམས་ཆོས་བསྡུ་ཉར་བྱས་པའི་ནང་ཚུད་པའི་བོད་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་གྱི་གསར་རྩོམ་མཁན་གཅིག་པུ་ཡིན་པ་དང་། ཁོང་གི་ཐང་ག་བརྩམས་ཆོས་《གེ་སར་རྒྱལ་པོ་》དེ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་ཡུན་རིང་ཉར་ཚགས་བྱས་པ་རེད། ཁོང་གིས་གསར་འགོད་པར་ང་རང་ནི་ཐང་ག་གསར་རྩོམ་གྱི་ལས་ལ་ཞུགས་ནས་ལོ་30ལྷག་འགོར་ཡོད་ལ། ད་ཐེངས་རང་ཉིད་ཀྱི་ཐང་ག་བརྩམས་ཆོས་《གེ་སར་རྒྱལ་པོ་》ཞེས་པ་དེ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གིས་བསྡུ་ཉར་བྱས་པའི་གྲས་སུ་ཚུད་ཡོད་པས་དགའ་སྤྲོ་ཚད་མེད་སྐྱེས་ཡོད་ཅེས་བརྗོད་པ་རེད།
    ༄༅།།ལྷ་རིས་པ་ངག་དབང་སོགས་ཀྱི་བརྩམས་ཆོས་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་བ།
      

    ཕྱོགས་བསྡུས་གསར་འགྱུར།