འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཏང་ཨུའི་ཧྲུའུ་ཅིའམ་ཐིང་ཀྲང་ཟུར་པ་ཝང་
    ཧྲེང་ཏེ་ལ"ཉིས་འབུད"ཀྱི་ཆད་པ་བཅད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་09ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཝང་ཧྲེང་ཏེ།
    ཝང་ཧྲེང་ཏེ།
           མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ཉེ་སྔོན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱིས་ཆོག་མཆན་བཀོད་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཏང་ཨུའི་ཧྲུའུ་ཅིའམ་ཐིང་ཀྲང་ཟུར་པ་ཝང་ཧྲེང་ཏེ་(王胜德)ཡི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་བྱས་པ་རེད། 
           ཞིབ་བཤེར་བྱས་པ་བརྒྱུད། ཝང་ཧྲེང་ཏེ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བ་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལས་འགལ་བ། སྤྱོད་གཙང་གི་སྒྲིག་ཁྲིམས་ལས་འགལ་བ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་བ་བཅས་ཀྱི་སྒོ་ནས་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་པར་ཁེ་ཕན་གཉེར་བ་དང་འབྲེལ་རྒྱུ་དངོས་བླངས་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་ད་དུང་མཚམས་འཇོག་དང་རང་གཅུན་མ་བྱས་པར་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་པར་ཁེ་ཕན་གཉེར་བ་དང་འབྲེལ་རྒྱུ་དངོས་བླངས་པའི་ཉེས་གསོག་དོགས་གཞི་ཡོད་པ་རེད།
            ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་རྒྱུན་ལས་ཨུ་ལྷན་གྱིས་ཞིབ་འཇུག་བྱས་པ་མ་ཟད་ཞིང་ཆེན་ཨུ་ལྷན་ལ་སྙན་ཞུ་ཕུལ་ནས་ཆོག་མཆན་ཐོབ་པ་བརྒྱུད། ཝང་ཧྲེང་ཏེ་ལ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་ཁུངས་ནས་ཕྱིར་འབུད་གཏོང་བའི་ཆད་པ་གཅོད་རྒྱུའི་གྲོས་ཐག་བཅད་པ་དང་། ཁོའི་ཉེས་གསོག་དོགས་ཡོད་ཀྱི་གནད་དོན་དང་གྱོད་འབྲེལ་དངོས་རྫས་དག་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་བསྐྱལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།