འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གྲོང་ཚོ་ཞིག་སྣོད་བཅུད་ལ་བརྟེན་ནས་ཕྱུག་པོར་གྱུར་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་09ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “སྔོན་མ་རྩྭ་ཡང་མི་སྐྱེ་བའི་ཐང་རྒོད་དེར་ཉིན་གང་བྱེ་རླུང་འུར་འུར་དུ་ལྡང་བས། དཔལ་འབྱོར་གྱི་ཕན་འབྲས་ཟེར་བ་ལྟ་ཞོག དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཡང་ཤུགས་རྐྱེན་ངན་པ་བཟོ་བཞིན་ཡོད་པ་རེད”ཅེས་བོད་རང་སྐྱོང་ལྗོངས་གཞིས་རྩེ་རྣམ་གླིང་རྫོང་གི་སྣོད་བཅུད་དཔེ་སྟོན་ཁུལ་ལ་རྣམ་གླིང་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཚེ་རིང་དོན་གྲུབ་ཀྱིས་བཤད། ཁོང་གིས་ཤིང་འཛུགས་ནགས་བཟོ་བྱས་པ་ལས་སྣོད་བཅུད་ཀྱི་ཕན་འབྲས་ཐོན་པ་དང་ཆབས་ཅིག སྤྱི་ཚོགས་ཀྱི་ཕན་འབྲས་ཀྱང་ཐོན་ཡོད། ལོ་གསུམ་རིང་། ས་གནས་དེ་གའི་མང་ཚོགས་ཀྱིས་ཤིང་འཛུགས་ནགས་གསོ་དང་སྦྲགས་གཡོག་བྱེད་བྱས་པ་བརྒྱུད་འབབ་འཕར་སྒོར་ཁྲི་3000ལྷག་ཙམ་བྱུང་བ་མ་ཟད། ནགས་བཟོ་དང་འདེབས་འཛུགས་བྱས་པའི་གླ་ཚེར་སོགས་དཔལ་འབྱོར་སྐྱེ་དངོས་ལས་སྣོན་ཞིབ་ཚགས་བྱས་པའི་དཔལ་འབྱོར་གྱི་ཕན་འབྲས་ཀྱང་རིམ་པས་ཐོན་བཞིན་ཡོད་ཅེས་མི་དམངས་དྲ་རྒྱའི་གསར་འགོད་པར་བཤད་བྱུང་།
         ཉེ་ཆར་མི་དམངས་དྲ་རྒྱའི་གསར་འགོད་པ་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་རྣམ་གླིང་སྣོད་བཅུད་དཔེ་སྟོན་ཁུལ་གྱི་བྱེ་རྡོས་ཁེངས་པའི་ས་སྟོང་ཞིག་ཏུ་འབྱོར་དུས་ཡུལ་མི་30ལྷག་ཙམ་གྱིས་གླ་ཚེར་བཏབ་ནས་ཉེ་འཁོར་སྔོ་ལྗང་དུ་སྒྱུར་བཞིན་པ་མཐོང་བྱུང་། ཚེ་རིང་དོན་གྲུབ་ཀྱིས་དེ་ནི་ཉེ་བའི་ལོའི་ནང་རྣམ་གླིང་རྫོང་ཨེ་མ་ཤང་གིས་ཤིང་འཛུགས་ནགས་བཟོ་བྱས་པའི་འབྲས་བུ་ཡིན་ཞེས་བཤད་བྱུང་།
         “སྣོད་བཅུད་དཔེ་སྟོན་ཁུལ་དེ་སྔོན་མ་ཆུས་འཁྱེར་ནས་ཆགས་པའི་ཐང་རྒོད་ཅིག་ཡིན་པས་རྩྭ་གཏན་ནས་སྐྱེ་ཡི་མེད”ཅེས་ཚེ་རིང་དོན་གྲུབ་ཀྱིས་བཤད་ཅིང་། ཁོང་གིས་ལོ་གསུམ་གོང་། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཨེ་མ་ཤང་ལ་བརྟག་དཔྱད་བྱེད་པར་ཡོང་སྟེ་ཡུལ་གཞན་ནས་ས་རྒྱུ་དབོར་བའི་ཐོག་ཤངས་ཆུ་དྲངས་ནས་མི་ཐབས་ཀྱིས་ཤིང་འཛུགས་ནགས་བཟོ་ཤུགས་ཆེན་བྱས་ཏེ་སྣོད་བཅུད་དཔེ་སྟོན་ཁུལ་ཞིག་བསྐྲུན་རྒྱུའི་བསམ་བཀོད་བཏོན།
         བསམ་བཀོད་དེར་རིམ་བཞིན་དོན་འབྲས་སྨིན་ནས་དཔེ་སྟོན་ཁུལ་གྱི་སྤྱིའི་འཆར་འགོད་རྒྱ་ཁྱོན་མུའུ་ཁྲི་42ཟིན་པ་ལོ་17ནང་འགྲུབ་པར་བྱ་རྒྱུ་ཡིན་པ་རེད། དེའི་ནང་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་15.1དང་། མི་ཐབས་ལ་བརྟེན་ནས་རྩྭ་མུའུ་ཁྲི་4 བྱེ་འགོག་བྱེ་བཅོས་དང་རི་རྒྱ་བསྡམས་ནས་ནགས་བཟོ་མུའུ་ཁྲི་18 ཐོན་མཐོའི་ནས་དང་ཨེ་མ་སྒང་གི་ཞོག་ཁོག་མུའུ་ཁྲི་5བཅས་འདེབས་རྒྱུ་དང་ཐོགས་མེད་བགྲོད་ལམ་སྤྱི་ལེ་383.8འདིང་རྒྱུ་ཡིན་པ་རེད།
         ད་བར་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་རྣམ་གླིང་སྣོད་བཅུད་དཔེ་སྟོན་ཁུལ་ལ་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་2.6ལྷག་ཙམ་བྱས་པ་དང་། ཡོ་འབོག་དང་གླ་ཚེར་སོགས་ཀྱི་སྡོང་ཕྲུག་ཁྲི་169བཏབ་ཡོད། ལོ་གསུམ་འབད་བརྩོན་བྱས་པ་བརྒྱུད་སྣོད་བཅུད་ཀྱི་ཕན་འབྲས་ཐོན་ཞིང་། དེ་གའི་གནམ་གཤིས་སྡེ་ཚན་གྱིས་བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། དཔེ་སྟོན་ཁུལ་གྱི་བྱེ་རླུང་གནམ་གཤིས་བསྟན་པའི་ཐེངས་གྲངས་དུས་མཚུངས་ལས་གསུམ་ཆ་གཅིག་ཙམ་ཉུང་དུ་སོང་བ་དང་། ལྟེ་བའི་ཁུལ་དུ་གསོ་རླུང་འདུས་ཚད་5%མང་དུ་སོང་བ། མཁའ་རླུང་བརླན་ཚད་10%འཕར་ཡོད་པ་བཅས་རེད།
         དེ་དང་དུས་མཚུངས་སྡོང་ཕྲུག་ར་བ་མུའུ་895བསྐྲུན་ནས་2016ལོར་སྡོང་ཕྲུག་ཁྲི་6ཙམ་སྐྱེ་འཚར་བྱུང་སྟེ་དཔལ་འབྱོར་ཕན་འབྲས་སྒོར་ཁྲི་200ལྷག་ཙམ་བྱུང་ཡོད། ཚེ་རིང་དོན་གྲུབ་ཀྱིས་སྡོང་ཕྲུག་ར་བ་བརྒྱབ་རྗེས་ལོར་སྡོང་ཕྲུག་ཁྲི་300སྐྱེ་འཚར་བྱུང་སྟེ་ལོ་ལྟར་རྫོང་ནོར་སྲིད་ལ་འབབ་འཕར་སྒོར་ཁྲི་200ཡོང་གི་ཡོད་ཅེས་བཤད།
         གླ་ཚེར་ནགས་བཟོ་འདེབས་འཛུགས་བྱས་པ་ལས་ཀྱང་དཔལ་འབྱོར་གྱི་ཕན་འབྲས་རིམ་པས་ཐོན་ཡོད། གླ་ཚེར་ལོ་གསུམ་ཙམ་བཏབ་པར་ཕན་འབྲས་ཐོན་བཞིན་པ་མི་དམངས་དྲ་རྒྱའི་གསར་འགོད་པས་མཐོང་བྱུང་། གླ་ཚེར་གྱིས་ལྷགས་པ་དང་བྱེ་མ་འགོག་ཐུབ་པ་མ་ཟད། དེའི་འབྲས་བུ་སྨན་ལ་སྤྱོད་ཆོག་པ་མ་ཟད། ཁུ་བའང་འཐུང་ཆོག “ང་ཚོས་བཏུས་པའི་གླ་ཚེར་དག་ལས་སྣོན་ཞིབ་ཚགས་བྱས་ནས་ཟུར་སྣོན་རིན་ཐང་ཆེ་བའི་གླ་ཚེར་ཁུ་བའི་འཐུང་བྱ་བཟོ་རྩིས་ཡོད”ཅེས་ཚེ་རིང་དོན་གྲུབ་ཀྱིས་དེ་ལྟར་བཤད་ཅིང་། ཁོང་གིས་ད་ཆ་ལྷ་སའི་གླ་ཚེར་ཁུ་བའི་འཐུང་བྱ་བཟོ་གྲྭ་དང་འབྲེལ་བ་བྱས་ཟིན་པས་སང་ལོར་གླ་ཚེར་ལས་དཔལ་འབྱོར་རིན་ཐང་ཐོན་རྒྱུ་རེད་ཅེས་བཤད།
         ས་གནས་ཀྱི་མང་ཚོགས་ཀྱིས་སྣོད་བཅུད་ཁོར་ཡུག་བཟང་དུ་འགྲོ་ཞོར་ང་ཚོར་ཕན་པ་ཐོབ་བྱུང་ཞེས་བཤད། སྣོད་བཅུད་དཔེ་སྟོན་ཁུལ་གྱི་སྡོང་ཕྲུག་ཚང་མ་དེ་གའི་མང་ཚོགས་ཀྱིས་བཏབ་པ་ཤ་སྟག་ཡིན་པས། གླ་ཚེར་བཏབ་པ་ཁོ་ན་ནས་ཁོང་ཚོར་ཡོང་སྒོ་མི་དམན་པ་ཞིག་ཡོང་གི་ཡོད། མི་རེས་ཉིན་གཅིག་གླ་ཚེར་བཏབ་པར་སྒོར་120སྤྲོད་པ་དང་། གླ་ཚེར་སྡོང་ཕྲུག་ཕོན་ཆེན་འདེབས་དགོས་པའི་སྐབས་མི་400ཙམ་དགོས་ཀྱི་ཡོད་པ་རེད།
         “ཤིང་འདེབས་པ་ལས་གཡོག་མང་བ་བྱེད་དགོས”ས་མཐོར་གནམ་གཤིས་གྲང་བའི་ཁར་བྱེ་ཐང་དུ་ཤིང་འཛུགས་ནགས་བཟོ་བྱ་རྒྱུ་དང་ལྷག་པར་རྗེས་ཀྱི་གཡོག་བྱ་རྒྱུར་ཤུགས་རྒྱག་དགོས་སྟབས། སྣོད་བཅུད་དཔེ་སྟོན་ཁུལ་གྱིས་མི་30ལས་གྲུབ་པའི་ཆེད་ལས་གཡོག་བྱེད་རུ་ཁག་ཅིག་བཙུགས་ནས་ཆེད་ལས་ལག་རྩལ་པའི་མཛུབ་ཁྲིད་ལ་བརྟེན་ཏེ་སྡོང་ཕྲུག་ལ་གནོད་སྐྱོན་མི་ཡོང་བ་བྱེད་དགོས་ཀྱི་ཡོད་སྟབས་ཡུལ་མིར་གཏན་འཇགས་ཀྱི་ལས་ཞུགས་གོ་སྐབས་རག་ཡོད།
         “ཡུལ་མི་ཚོ་ཐག་རིང་ནག་ཆུར་འགྲོ་མི་དགོས་པར་རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་ཐུབ་སྟེ་ཡོང་འབབ་གསོག་རྒྱུ་བྱུང་སོང”ཞེས་ཚེ་རིང་དོན་གྲུབ་ཀྱིས་ངོ་སྤྲོད་དེ་ལྟར་བྱས་ཤིང་། ཁོང་གིས་ལོ་གསུམ་ནང་ཤིང་འཛུགས་པ་དང་གཡོག་བྱེད་པ་ལས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་3000ལ་ཉེ་བ་བྱུང་ཡོད། ད་ལོ་ཁོ་ནར་མི་ཁྲི་1.2ལ་ངལ་རྩོལ་ལས་ཞུགས་ཀྱི་གོ་སྐབས་རག་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།