འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་གྱི་མང་
    ཚོགས་ལ་ལས་ཞུགས་ལས་གཏོད་མཁོ་འདོན་བྱས་ནས་རོགས་སྐྱོར་གྱི་སྤུས་ཚད་མཐོ་རུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་09ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་ནུབ་གྲོང་ཁྱེར་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཧྲན་ཏུང་ཞིང་ཆེན་གྱིས་ཞིང་ཆེན་གཉིས་ཀྱི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་མཉམ་སྤྱོད་ཡོང་བ་དང་ཐེན་ཅིན་གྲོང་ཁྱེར་གྱིས་མཚོ་སྔོན་གྱི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ལྟ་སྦྱོང་རྟེན་གཞི་འཛུགས་པ་སོགས་ལ་སྐུལ་མ་བཏང་བ་དང་། ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་གྱི་ཞིང་འབྲོག་པར་ལས་ཞུགས་ལས་གཏོད་མཁོ་འདོན་བྱས་ཏེ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ལུགས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་གསར་འགོད་པར་ཤེས་རྟོགས་བྱུང་།
         ཤེས་རྟོགས་བྱུང་བར་གཞིགས་ཚེ། པེ་ཅིང་དང་། ཧྲང་ཧའེ། ཐེན་ཅིན། ཧྲན་ཏུང་། ཅང་སུའུ། ཀྲེ་ཅང་བཅས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ཕྱོགས་མང་པོ་ནས་མཚོ་སྔོན་ལ་ལས་ཞུགས་རོགས་སྐྱོར་བྱས་ཏེ་རིམ་པས་ཕྱོགས་ཀུན་ལ་ཁྱབ་པ་དང་བང་རིམ་མང་བའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བང་རིམ་མང་བའི་རྣམ་པ་གསར་པ་ཞིག་ཆགས་པ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་གྱི་ཞིང་འབྲོག་པ་དང་སློབ་ཆེན་ཐོན་མཁན་མང་པོ་ཞིག་ལ་ལས་གཏོད་ལས་ཞུགས་མཁོ་འདོན་གྱི་གོ་སྐབས་སྔར་ལས་མང་བ་ཐོབ་ཡོད།
         རྩལ་ནུས་གསོ་སྐྱོང་བྱས་ནས་ནུས་པ་ཆེ་རུ་བཏང་བའི་ཐད། “ཕྱིར་བསྐྱོད་པ་དང་ནང་དུ་གདན་འདྲེན་པའི”བྱ་ཐབས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་གྱི་ཞིང་འབྲོག་པ་དང་སློབ་ཆེན་ཐོན་མཁན་སློབ་མར་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་ཁག་ལ་ལག་རྩལ་སྦྱོང་བ་དང་ལྟ་རྒྱ་ཐོས་རྒྱ་ཆེ་རུ་གཏོང་བར་བསྐྱོད་པ་དང་ཞིང་ཆེན་ཁག་གིས་རྩལ་ནུས་གསོ་སྐྱོང་དང་། ཆེད་ལས་ལས་ཞུགས། ལྟ་སྦྱོང་གསོ་སྦྱོང་འཛིན་གྲྭ་གཉེར་བ་སོགས་བརྒྱུད་ལས་ཞུགས་ཀྱི་འདུ་ཤེས་བསྒྱུར་རྒྱུར་སྐུལ་མ་ཐེབས་པ་མ་ཟད། ཁོང་ཚོའི་ལས་ཞུགས་འཇོན་ཐང་ཡང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
         སྲིད་ཇུས་ཐད་ཀར་ཕྱོགས་ནས་ཕན་པ་ཐོབ་པ་བྱས་པའི་ཐད། ལས་ཞུགས་ལས་གཏོད་མཁོ་འདོན་སྲིད་ཇུས་ཀྱི་ཕན་པ་ཐོབ་པའི་མཉམ་སྤྱོད་ལམ་སྲོལ་བཙུགས་ནས་རོགས་སྐྱོར་བྱེད་མཁན་དང་བྱ་ཡུལ་ཕྱོགས་གཉིས་པོའི་ཞབས་ཞུ་མཉམ་སྤྱོད་ལ་སྐུལ་མ་ཐེབས་ཤིང་། ཧྲན་ཏུང་ཞིང་ཆེན་གྱིས་ཞིང་ཆེན་གཉིས་པོའི་ལས་ཞུགས་ལས་གཏོད་མཁོ་འདོན་གྱི་སྲིད་ཇུས་མཉམ་སྤྱོད་ཡོང་བར་ཤུགས་བརྒྱབ་ནས་མཉམ་དུ་ལས་ཞུགས་སྲིད་ཇུས་དང་ལས་ཞུགས་མཁོ་འདོན་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ་སློབ་ཆེན་གྱི་ཆེད་ཚན་སློབ་རྒྱུས་ཡན་གྱི་སློབ་ཐོན་སློབ་མ་ཧྲན་ཏུང་དུ་གཞིས་ཆགས་རྒྱུའི་སྲིད་ཇུས་དོན་འཁྱོལ་བྱས་པ་དང་། ཐེན་ཅིན་གྲོང་ཁྱེར་གྱིས“སྦྲེལ་མཐུད་ལྔ”བཏོན་པ་དང་ཆབས་ཅིག་ཐེན་ཅིན་གྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ལ་ངལ་ནུས་ལས་དོན་ས་ཚིགས་དང་མཚོ་སྔོན་གྱི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ལྟ་སྦྱོང་རྟེན་གཞི་བཙུགས་པ་མ་ཟད། ལས་རིགས་སློབ་གླིང་ཐོན་ནས་ལོ་གཉིས་ཕྱིན་པའི་སློབ་མ་དང་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་ཐོན་སློབ་མ་ཐེན་ཅིན་དུ་གཞིས་ཆགས་རྒྱུའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱིས་ལས་ཞུགས་ལས་གཏོད་མཁོ་འདོན་སྲིད་ཇུས་མཉམ་སྤྱོད་དང་། ལས་ཞུགས་མཁོ་འདོན་ཆ་འཕྲིན་མཉམ་སྤྱོད་དང་དྲ་རྒྱའི་ཐོག་ནས་ལས་མི་བསྡུ་རྒྱུ་མཉམ་འགུལ། རྒྱང་ཁྲིད་སློབ་གསོ་མཉམ་དུ་སྤེལ་རྒྱུར་སྐུལ་མ་བཏང་བ་མ་ཟད། ཧྲང་ཧའེ་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་གྱིས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆ་འཕྲིན་མཉམ་སྤྱོད་བྱས་པ་དང་སྦྲགས་ཐེམ་ཁུངས་མཚོ་སྔོན་ནས་ཡིན་པའི་སློབ་ཆེན་སློབ་མ་ཧྲང་ཧའེ་དང་ཅང་སུའུ་རུ་ལས་ཞུགས་བྱ་རྒྱུར་རྒྱབ་སྐྱོར་ཁར་ས་གནས་ཀྱི་ཁ་གསབ་སྲིད་ཇུས་ཀྱང་ལོངས་སྤྱོད་བྱེད་ཆོག་པ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།