འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་གཉིས་པའི་བོད་ལྗོངས་ཀྱི“ཆེས་མཛེས་པའི་ཁྱིམ་ཚང”འཚོལ་བ་ཞེས་པའི་པར་ལེན་
    འགྲན་བསྡུར་ཆེ་མོའི་བྱ་དགའ་གནང་བའི་མཛད་སྒོ་ལྷ་ས་རུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་23ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སྐབས་གཉིས་པའི་བོད་ལྗོངས་ཀྱི“ཆེས་མཛེས་པའི་ཁྱིམ་ཚང”འཚོལ་བ་ཞེས་པའི་པར་ལེན་
འགྲན་བསྡུར་ཆེ་མོའི་བྱ་དགའ་གནང་བའི་མཛད་སྒོ་ལྷ་ས་རུ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་21ཉིན། སྐབས་གཉིས་པའི་བོད་ལྗོངས་ཀྱི“ཆེས་མཛེས་པའི་ཁྱིམ་ཚང”འཚོལ་བ་ཞེས་པའི་པར་ལེན་འགྲན་བསྡུར་ཆེ་མོའི་བྱ་དགའ་གནང་བའི་མཛད་སྒོ་དེ་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་སྤེལ་བ་རེད། པར་ལེན་འགྲན་བསྡུར་ཆེ་མོར་བསྡོམས་པས་འགྲན་ཞུགས་ཀྱི་པར་རིས་བརྩམས་ཆོས་230འབྱོར་ཞིང་། དེ་དག་གི་ཁྲོད་ནས་དམིགས་བསལ་རིམ་པའི་བྱ་དགའ་1དང་ཨང་དང་པོ་1། ཨང་གཉིས་པ་2། ཨང་གསུམ་པ་5། ཕུལ་བྱུང་བྱ་དགའ་20། བདམས་ཐོན་བྱུང་བའི་བྱ་དགའ་30བཅས་དཔྱད་འདེམས་བྱས་པ་རེད། 
         སྐབས་འདིའི་པར་ལེན་འགྲན་བསྡུར་ཆེ་མོའི་དུས་ཡུན་ནི་ཟླ་5ཡིན་ཞིང་། བོད་ལྗོངས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་པར་བརྒྱག་བརྙན་ལེན་ལ་སྤྲོ་བ་ཡོད་མཁན་མང་པོ་ཞིག་གི་རྒྱབ་སྐྱོར་ཐོབ་ནས་འགྲན་བསྡུར་ནང་ཞུགས་ཡོད་པ་རེད། འགྲན་ཞུགས་པ་ཚོས་པར་མིག་ཁྱིམ་ཚང་ལ་གཏད་དེ“ཆེས་མཛེས་པའི་ཁྱིམ་ཚང”གི་རྒྱལ་གཅེས་ཁྲིམས་སྲུང་། མི་རིགས་མཐུན་སྒྲིལ། རྒན་བཀུར་བྱིས་སྐྱོང་། ཁྱིམ་ཚང་འཆམ་མཐུན། ལས་བརྩོན་ཕྱུག་འགྱུར། གནས་གཅེས་ལས་བརྩོན་ལ་སོགས་པའི་ཐད་ཀྱི་གཏམ་རྒྱུད་གསལ་བོར་མངོན་ཡོད་པ་མ་ཟད། ཁྱིམ་ཚང་གི་སྤྱོད་བཟང་དར་སྤེལ་བྱེད་པ་དང་ཁྱིམ་ཚང་ལ་ཁྱིམ་སྲོལ་བཟང་པོ་ཆགས་པར་དཔེ་སྟོན་གྱི་ནུས་པ་ཡང་ཐོན་པར་བྱས་ཡོད། འདི་ནི་མི་རྣམས་ཀྱིས“ཆེས་མཛེས་པའི་ཁྱིམ་ཚང”གི་པར་རིས་འགྲེམས་སྟོན་ལ་ལྟ་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།