འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་དུས་གསར་པར་ང་ལ་ཕུགས་བསམ་གསར་པ་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་12ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའིའཕྲིན། བྱང་ཤར་གྱི་ཧེ་ལུང་ཅང་ནས་ནུབ་བྱང་མཚོ་སྔོན་དུ་ཡོང་བའི་ཆུ་རྐྱལ་རྩལ་འཁྲིད་པ་མེའོ་ཅི་ཡོན་གྱིས་ངས་དགའ་སྤྲོ་ཆེ་ཤོས་བྱེད་པ་ནི་མཚོ་བོད་ས་མཐོ་ནས་ཡོང་བའི་སློབ་ཕྲུག་ནང་ཆུ་རྐྱལ་རྒྱག་ཤེས་མཁན་ཇེ་མང་དུ་གྱུར་པ་དེ་ཡིན་ཞེས་བཤད།
         ལོ་30ལ་སླེབས་པའི་མེའོ་ཅི་ཡོན་ནི་ཧའར་པིན་ལུས་རྩལ་སློབ་གླིང་གི་ལུས་རྩལ་སྦྱོང་བརྡར་ཆེད་ལས་ནས་ཐོན་པ་དང་། སློབ་ཆེན་མ་འགྲིམས་གོང་ཁོང་ནི་ཧེ་ལུང་ཅང་ཞིང་ཆེན་ཆུ་རྐྱལ་རུ་ཁག་གི་རུ་མི་ཞིག་རེད། སློབ་ཆེན་མཐར་ཕྱིན་རྗེས་ཁོང་གིས་ཧོ་པེ་ཆིང་ཧོང་ཏའོ་ལ་ལུས་རྩལ་དགེ་རྒན་བྱས་རུང་སྟེས་དབང་གི་གོ་སྐབས་ཤིག་གིས་ཁོང་མཚོ་སྔོན་དུ་ཆུ་རྐྱལ་རྩལ་འཁྲིད་པ་ཞིག་བྱེད་ཐུབ་པ་བྱུང་བ་རེད།
         ཁོང་ལས་ཀ་བྱེད་ཡུལ་གཏེར་ལེན་ཁ་ལུས་རྩལ་སློབ་གླིང་ནི་མཚོ་བྱང་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་སྲིད་གཞུང་གནས་སར་ཡོད། དེའི་ས་བབ་མཐོ་ཚད་སྨི་3000ཙམ་ཡིན། ལོ་མང་རིང་དེ་གའི་མང་ཚོགས་ངོས་ནས་བཤད་ན་ཆུ་རྐྱལ་ནི་ཅུང་རྒྱུས་མངའ་མེད་པའི་ལུས་རྩལ་ཞིག་རེད།
         2013ལོར་ས་གནས་དེ་གའི་སྲིད་གཞུང་དང་སློབ་གསོའི་སྡེ་ཚན་གྱིས་ཆུ་རྐྱལ་སློབ་ཚན་དེ་ལོ་དགུའི་འོས་འགན་སློབ་གསོའི་སློབ་ཁྲིད་ནང་བཅུག་པས། གཏེར་ལེན་ཁ་གྲོང་ཁྱེར་གྱི་ལོ་རིམ་དྲུག་པའི་སློབ་མས་སློབ་དུས་རེར་ཆུ་རྐྱལ་སློབ་ཚན་16འཚོགས་དགོས་པ་དང་། སློབ་ཚན་རེར་སྐར་མ་90ཡིན། མེའོ་ཅི་ཡོན་དང་རྩལ་འཁྲིད་པ་གཞན་དག་4ཡིས་ཆུ་རྐྱལ་སློབ་ཚན་འཁྲིད་རིམ་བཞིན་ཁོང་གིས་རང་སར་སློབ་སྟོན་བྱེད་ཀྱི་ཡོད།
         སློབ་དུས་གསར་པ་འགོ་ཚུགས་པའི་སྐབས་མེའོ་ཅི་ཡོན་གྱིས་རང་ཉིད་ཀྱི་ཆུ་རྐྱལ་གྱི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ནང་ལི་གཡོད་ཨོ་རྩལ་འགྲན་ཚོགས་ནང་ཞུགས་མཁན་ཀྲུང་གོའི་ཕུལ་བྱུང་རུ་མིའི་སྐོར་ངོ་སྤྲོད་བྱས་ཡོད། ཁོང་གིས་ངས་ཆེད་མངགས་ཧྥུ་ཡོན་ཧུའེ་ཡི་པར་བཅུག་ནས་སློབ་དུས་གསར་པར་ཆུ་རྐྱལ་ལ་རྒྱུས་མངའ་མེད་པའི་སློབ་ཕྲུག་ཚོར་ཆུ་རྐྱལ་ལ་དགའ་ཞེན་དང་སྙིང་རུས་ཆེ་བའི་ལུས་རྩལ་པ་དེར་རྒྱུས་མངའ་བྱས་པ་བརྒྱུད་ཆུ་རྐྱལ་ལ་དགའ་པོ་ཡོང་བའི་རེ་བ་ཡོད་ཅེས་གསར་འགོད་པར་དགའ་སྤྲོའི་ངང་བཤད་བྱུང་།
          “སློབ་ཕྲུག་མང་པོ་ཞིག་གིས་ཆུ་རྩལ་ཤེས་པས། ལོ་ཁ་ཤས་སོང་རྗེས་ནུབ་བྱང་ས་མཐོའི་གྲོང་རྡལ་དུ་ཆུ་རྐྱལ་རྒྱག་རྒྱུ་ཁྱབ་གདལ་ཡོང་བ་ནི་ངའི་རེ་བ་ཆེ་ཤོས་ཡིན”ཞེས་ཁོང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།