འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་གནས་བོད་སྐྱོར་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་12ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་10ཉིན་གསར་འགོད་པས་ལྷ་སར་འཚོགས་པའི་རྒྱལ་ཡོངས་རིག་གནས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ལོ་ལྔ་ཚན་བཅུ་གཉིས་པའི་རིང་རྒྱལ་ཡོངས་རིག་གནས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། དེའི་རིང་བོད་ཀྱི་རིག་གནས་རྣམ་གྲངས་གལ་ཆེན་《“ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་ཀྱི་འཆར་འགོད་ཇུས་གཞིའི་》ནང་བཅུག་ནས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་སྒོར་དུང་ཕྱུར་6.55བཏང་བ་རེད།
          རིག་གནས་པུའི་པུའུ་ཀྲང་ལུའོ་ཧྲུའུ་ཀང་གིས་ཚོགས་འདུའི་ཐོག“‘ལོ་ལྔ་ཚན་བཅུ་གཉིས་པའི’རིང་རྒྱལ་ཡོངས་རིག་གནས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད”རིག་གནས་པུས་མཐུན་སྦྱོར་ཧུར་ཐག་བྱས་ནས་བོད་ཀྱི་རིག་གནས་རྣམ་གྲངས་གལ་ཆེན་《“ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་ཀྱི་འཆར་འགོད་ཇུས་གཞིའི་》ནང་བཅུག་ནས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་སྒོར་དུང་ཕྱུར་6.55བཏང་བ་རེད། རིག་གནས་ལས་གྲྭའི་རྣམ་གྲངས་གལ་ཆེན་ལག་ལེན་བསྟར་བ་བརྒྱུད་བོད་ལ་ཀྲུང་དབྱང་གི་གཞན་སྒྱུར་གཏོང་སྤྲོད་མ་དངུལ་སྒོར་དུང་ཕྱུར་6.45བཀོད་སྒྲིག་བྱས་པ་རེད། ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་རིག་གནས་སྡེ་ཚན་17གྱིས་འབད་འཐབ་ཧུར་ཐག་བྱས་ཏེ་ས་ཁུལ་ཁག་གི་ཁ་གཏད་བོད་སྐྱོར་གྱི་འཆར་འགོད་ནང་རིག་གནས་འཛུགས་སྐྱོང་གི་ནང་དོན་ཚད་གཞི་མི་འདྲ་བའི་ཐོག་ནས་མངོན་པར་བྱས་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་4.29དོན་འཁྱོལ་བྱས་པ་རེད། དེ་དང་དུས་མཚུངས་རིམ་ཁག་རིག་གནས་སྡེ་ཚན་གྱིས་རང་ངོས་ཀྱི་ཐོན་ཁུངས་སྤྱད་དེ་བྱེད་སྒོ་སྣ་ཚོགས་སྤེལ་བར་བོད་སྐྱོར་མ་དངུལ་སྒོར་ཁྲི་3000ཙམ་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་རིག་གནས་ལས་དོན་པས་ལྟེ་བར་དམིགས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་བསམ་པའི་སྒུལ་ཤུགས་ཆེན་པོ་དང་། རིག་ནུས་ཀྱི་རྒྱབ་སྐྱོར་ཆེན་པོ། རིག་གནས་ཀྱི་འདེགས་སྐྱོར་ཆེན་པོ་བཅས་མཁོ་འདོན་བྱས་ཏེ། ཕུལ་བྱུང་རིག་རྩལ་བརྩམས་ཆོས་མང་དག་ཅིག་གསར་རྩོམ་བྱས་ཡོད། ཤུགས་རྐྱེན་ཆེན་པོ་ལྡན་པའི་རིག་གནས་བྱེད་སྒོ་གལ་ཆེན་10ལྷག་ཙམ་ཇུས་འགོད་དང་སྒྲིག་འཛུགས་བྱས་པ་རེད། དེ་དང་དུས་མཚུངས་ལྗོངས་ཡོངས་ཀྱི་རིམ་བཞིའི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་བ་སྤྱིར་ན་སྐྲུན་ཟིན་པ་དང་། སྤྱི་པའི་རིག་གནས་སྒྲིག་བཀོད་རིན་མེད་ངང་སྒོ་མོ་དབྱེ་ནས་མང་ཚོགས་མི་ཐེངས་ཁྲི་656ལ་ཞབས་འདེགས་ཞུས་པ། མང་ཚོགས་ཀྱི་རིག་གནས་བྱེད་སྒོ་ཉིན་རེ་བཞིན་སྤེལ་མང་དུ་བཏང་ནས་མང་ཚོགས་རང་བཞིན་གྱི་རྒྱུན་རྣམ་ཅན་གྱི་རིག་གནས་སྤུས་རྟགས་90ལྷག་ཙམ་ཆགས་པ། རིག་གནས་ཐོན་ལས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ནུས་མངོན་གསལ་དོད་དུ་ཕྱིན་པ། ཐོན་ལས་རྣམ་པ་ནས་རིགས་མང་བ་དང་། རིམ་པ་མང་བ། སྣེ་མང་ཅན་བཅས་ཀྱི་མ་འཇོག་སྣ་མང་དུས་གཅིག་ཏུ་སྒྲུབ་པ་དང་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་པ་བཅས་རེད། མིག་སྔར་ལྗོངས་ཡོངས་སུ་རིག་གནས་ཁེ་ལས་སྣ་ཚོགས་4126དང་ལས་ཀ་བྱེད་མཁན་ཁྲི་3ཙམ་ཡོད། 2015ལོར་ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་གིས་ས་ཁུལ་གྱི་GDPཡི་2.8%བཟུང་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།