འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་སྤྲ་བའི་ཚད་གཞིར་རྒྱལ་སྤྱིའི་རྣམ་གྲངས་འཛུགས་གཉེར་གྱི་ཆོག་མཆན་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་12ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
               མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་འཚོགས་པའི་སྐབས་གཉིས་པའི་རྒྱལ་ཡོངས་མེ་བཙའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དང“ཆི་ཨའེ་བུམ་པའི”མེ་བཙའི་ཐོན་ལས་མཐོ་རིམ་གླེང་སྟེགས་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་རྒྱལ་གྱིས་རྒྱལ་སྤྱིའི་ཚད་གཞི་ཅན་རྩ་འཛུགས་ཀྲུང་ལུགས་གསོ་རིག་སྨན་རྫས་ལག་རྩལ་ཨུ་ལྷན་ལ“སྤྲ་བའི་རྒྱལ་སྤྱིའི་ཚད་གཞི་དང་ཆི་ཨའེ་ལས་རིགས་ཚད་གཞི་ཞིབ་འཇུག་དང་བཟོ་རྒྱུའི”རེ་བ་ཞུས་ཡོད་པ་རེད། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱི་རྒྱབ་སྐྱོར་འོག་རྒྱལ་སྤྱིའི་རྣམ་གྲངས་འཛུགས་གཉེར་གྱི་(ཨང་རྟགསISO/NP20759-1)ཐོབ་པ་དང་། སྔོན་དཔག་ལྟར་ན་2017ལོར་ཞིབ་འཇུག་ལས་དོན་ལེགས་གྲུབ་ཟིན་རྒྱུ་དང་འབྲེལ་སྤྲ་བའི་རྒྱལ་སྤྱིའི་ཚད་གཞི་དང་ཆི་ཨའེ་ལས་རིགས་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།
               རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱིས་དེ་སྔའི་ཅུས་ཀྲང་གཞོན་པ་ཝུའུ་ཀང་གིས་མེ་བཙའ་འཕེལ་རྒྱས་ཕྱིན་པ་དེ་སྲིད་ཇུས་ཁྲིམས་སྲོལ་གྱི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད་ལ་མེ་བཙའི་ལས་རིགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་དང་ཁ་འབྲལ་ཐབས་མེད། མེ་བཙའི་རིག་གཞུང་དང་ཐོན་ལས་འཕེལ་རྒྱས་ཀྱི་ལས་སྟེགས་ཤིག་བསྐྲུན་ནས་མེ་བཙའི་ཐོན་ལས་སྣ་མང་ཅན་དང་རིམ་པ་མང་བའི་ངང་འཕེལ་རྒྱས་ཡོང་བ་བྱེད་པ་དང་ནད་གཞི་སྨན་བཅོས་དང་ལུས་གསོ་བདེ་སྲུང་ཐད་ཀྱི་མེ་བཙའི་བཅོས་ཐབས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སྲོལ་རྒྱུན་གྱི་ཀྲུང་ལུགས་གསོ་རིགས་སྨན་རྫས་ལག་རྩལ་དེས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱེད་རྒྱུའི་ཐད་ལེགས་སྐྱེས་གསར་པ་འབུལ་ལུགས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།