འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྐང་འཁོར་བཞོན་ནས་ཀྲུང་གོའི་གཞུང་ལམ་སྐོར་བའི་འགྲན་ཐེངས་དང་པོ་ཐེན་ཅིན་དུ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་12ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2016ལོའི་ཀྲུང་གོའི་རྒྱལ་སྤྱིའི་གཞུང་ལམ་སྐོར་བའི་རྐང་འཁོར་འགྲན་བསྡུར་ཐེན་ཅིན་ཝུའུ་ཆིན་ཆུས་སུ་འགོ་ཚུགས་ཤིང་། ཨན་ཏི་ལའོ་ཉི་ཀྲོའུ་ཅི་ཆེད་ལས་རུ་ཁག་གི་དབྱི་ཐ་ལིའི་མའར་ཁོ་·པིན་ཧྥ་ཐོས་མཐའ་མའི་གདོང་མཆོང་ནང་རྒྱལ་ཁ་ཐོབ་ནས་འགྲན་ཐེངས་དང་པོའི་ཨང་དང་པོ་བླངས་པ་དང་ཚིལ་ལེན་སེར་པོ་གྱོན་པ་རེད། ཀྲུང་གོའི་ཀྲེ་མེ་ཧེང་ཞང་རྐང་འཁོར་རུ་ཁག་གི་ཝང་མེ་དབྱིང་དང་མཱ་ཀོང་ཐུང་གཉིས་ཀྱིས་གྱེན་འཛེག་མཁས་པའི་སྒོར་ཐིག་རི་མོའི་ཚིལ་ལེན་དང་ཀྲུང་ཧྭ་ཆེན་མོའི་ཕུལ་བྱུང་གི་ཚིལ་ལེན་གྱོན་པ་རེད།
         འགྲན་བསྡུར་མཇུག་འགྲིལ་རྗེས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་པིན་ཧྥ་ཐོས་དེ་རིང་ངས་ནུས་པ་རྒྱུན་གཏན་བཞིན་བཏོན་ལ་གོ་སྐབས་ཀྱང་བཟུང་ཐུབ་སོང་། དེས་མ་ཚད་ངས་མཇུག་འགྲིལ་ལ་ཉེ་བའི་སྐབས་གློ་བུར་དུ་གདོང་མཆོང་བྱེད་མཁན་རོགས་ཟླ་པའོ་ནོ་ཞི་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་གིས་གློ་བུར་གདོང་མཆོང་བྱས་ནས་འགྲན་ཡའི་ལུས་ཤུགས་ཟད་དུ་བཅུག་པས་ང་ལ་མཐའ་མའི་གདོང་མཆོང་ལ་ནུས་པ་ཡག་པོ་འདོན་ཐུབ་སོང་ཞེས་བཤད།
         རྐང་འཁོར་བཞོན་ནས“ཀྲུང་གོའི་གཞུང་ལམ་སྐོར་བའི”འགྲན་བསྡུར་དེ་2010ལོ་ནས་འགོ་ཚུགས་པ་དང་། འདི་ནི་རྒྱལ་ནང་དུ“ཀྲུང་གོའི”མིང་བཏགས་པའི་ས་ཁོངས་བརྒལ་བའི་རྒྱལ་སྤྱིའི་རྣམ་གྲངས་རྐྱང་པའི་འགྲན་བསྡུར་གཅིག་པུ་དེ་ཡིན་ལ། ཨེ་ཤ་ཡ་སྐོར་བའི་འགྲན་བསྡུར་ནང་ས་ཁོངས་སྒྲོལ་མང་ཤོས་དང་ལམ་ཐག་དང་དུས་ཡུན་རིང་ཤོས་ཀྱི་རྒྱལ་སྤྱིའི་ཆེད་ལས་རྣམ་གྲངས་རྐྱང་པའི་འགྲན་བསྡུར་ཞིག་ཀྱང་རེད། འདི་ལོར་གླིང་ཆེན་ལྔ་ནས་ཡོང་བའི་རྒྱལ་ཁབ་དང་ས་ཁུལ་17གྱི་རྩེར་སོན་རྐང་འཁོར་རུ་ཁག་22དུས་གཅིག་ཏུ་འགྲན་བསྡུར་ནང་ཞུགས་ཤིང་། དུས་ཡུན་ཉིན་17ཡིན་པའི་འགྲན་ཐེངས་དང་པོ་ཐེན་ཅིན་ཝུའུ་ཆིན་དུ་འགོ་ཚུགས་རྗེས་ཐེན་ཅིན་གྲོང་ཁྱེར་དང་། ཧོ་པེ་ཞིང་ཆེན། ཧུའུ་པེ་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཁྲུང་ཆིན་གྲོང་ཁྱེར། ཧུའུ་ནན་ཞིང་ཆེན། ཀོང་ཏུང་ཞིང་ཆེན་བཅས་ཞིང་ཆེན་དང་གྲོང་ཁྱེར་7བརྒྱུད་མཐར་ཟླ་9ཚེས་25ཉིན་མཇུག་འགྲིལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།