མི་དམངས་དྲ་བ།

༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱ་མཚོའི་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་12ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཉེ་ཆར། ནོར་སྲིད་པུའུ་དང་རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱིས་རྒྱ་མཚོའི་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ལས་དོན་སྤེལ་རྒྱུ་དང་རྒྱ་མཚོའི་སྐྱེ་དངོས་དང་། རྒྱ་མཚོའི་རིམ་མཐོའི་སྒྲིག་ཆས། མཚོ་ཆུ་ཚྭ་མེད་དུ་སྒྱུར་བ་སོགས་གཙོ་གནད་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྡ་ཐོ་བཏང་བ་རེད། ཀྲུང་དབྱང་ནོར་སྲིད་ཀྱིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བའི་ཆེད་དོན་མ་དངུལ་སོགས་ལ་བརྟེན་ནས་དཔེ་སྟོན་གྲོང་ཁྱེར་ཚང་མར་བྱ་དགའ་སྒོར་དུང་ཕྱུར་3སྤྲད་ནས་རྒྱབ་སྐྱོར་བྱ་རྒྱུ་དང་དཔེ་སྟོན་གྲོང་ཁྱེར་གྱིས་སྤྱི་འདོམས་བེད་སྤྱོད་བྱ་རྒྱུ་རེད།
      དཔེ་སྟོན་གྲོང་ཁྱེར་གྱིས་རྒྱ་མཚོའི་སྐྱེ་དངོས་དང་། རྒྱ་མཚོའི་རིམ་མཐོའི་སྒྲིག་ཆས། མཚོ་ཆུ་ཚྭ་མེད་དུ་སྒྱུར་བ་སོགས་ཐོན་ལས་གསུམ་ནས་རྨང་གཞི་ལེགས་པ་དང་ཁྱད་ཆོས་མངོན་གསལ་དུ་ཐོན་པའི་ཐོན་ལས་གཅིག་ནས་གཉིས་བར་བདམས་ཏེ་འཕེལ་རྒྱས་གཏོང་ཡུལ་གཙོ་བོར་བརྩི་རྒྱུ་དང་ཐོན་ལས་དང་། གསར་གཏོད། ལས་ཞུགས། ལམ་སྲོལ་དཔེ་དབྱིབས་སོགས་ལས་ཀའི་དམིགས་ཚད་བཞི་བཏོན་ནས་ཐོན་ལས་འབྲེལ་ཐག་མཉམ་དུ་གསར་གཏོད་དང་ཐོན་ལས་སྐྱོང་གསོའི་གསར་གཏོད་རྣམ་གྲངས་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་ཐུབ་པ་བྱ་རྒྱུ་རེད།
     རྒྱལ་ཁབ་རྒྱ་མཚོ་ཅུས་དང་ནོར་སྲིད་པུས་རེ་འདུན་ཞུ་མཁན་གྲོང་ཁྱེར་གྱི་ཐོབ་ཐང་ཞིབ་དཔྱད་བྱེད་པའི་རྨང་གཞིའི་ཐོག་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ཕྱོགས་གསུམ་པའི་སྒྲིག་གཞིར་དཔྱད་ཞིབ་བྱ་རྒྱུའི་མངགས་བཅོལ་བྱེད་པ་དང་ཡོངས་བསྒྲགས་ངང་འགྲན་རྩོད་དང་ལེགས་འདེམས་བྱེད་པའི་ཐབས་ལ་བརྟེན་ནས་དཔེ་སྟོན་གྲོང་ཁྱེར་གྱི་མིང་ཐོ་གཏན་འཁེལ་བྱ་རྒྱུ་རེད། ལག་བསྟར་ཇུས་གཞིའི་ཕན་ནུས་རང་བཞིན་དང་ཚན་རྩལ་རང་བཞིན་ལ་གཙོ་གནད་ཐོག་དཔྱད་དཔོག་བྱ་རྒྱུ་དང་རྒྱལ་ཁབ་ཀྱི་རྒྱ་མཚོའི་འཐབ་ཇུས་གལ་ཆེན་ལག་བསྟར་བྱ་ཡུལ་དང་དེ་བཞིན་རྒྱལ་ཁབ་རིམ་པའི་རྒྱ་མཚོའི་ཐོན་ལས་གླིང(རྟེན་གཞི)འཛུགས་རྒྱུའི་ཆོག་མཆན་ཐོབ་པའི་གྲོང་ཁྱེར་ཡིན་ཕྱིན་སྔོན་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།