འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཇོ་མོ་གླང་མའི་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་བཞི་པ་ཧྲང་ཧའེ་རུ་སྤེལ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་23ཉིན། 16:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཇོ་མོ་གླང་མའི་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་བཞི་པ་ཧྲང་ཧའེ་རུ་སྤེལ་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བག་ཆགས་འཇོག་ནུས་རྒྱ་སྐྱེད་གཏོང་བ་དང་། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྤུས་རྟགས་ཕན་འབྲས་ཇེ་ཆེར་བཏང་ནས"གཞིས་ཀ་རྩེ་དྲིལ་བསྒྲགས་དང་། གཞིས་ཀ་རྩེ་འགྲེམས་སྟོན། གཞིས་ཀ་རྩེ་གསར་སྐྲུན། གཞིས་ཀ་རྩེ་འཕེལ་རྒྱས"བཅས་ཀྱི་དམིགས་ཡུལ་མངོན་འགྱུར་བྱ་ཆེད། ཇོ་མོ་གླང་མའི་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་བཞི་པ་ཐེངས་དང་པོར་ཧྲང་ཧའེ་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་ཞིང་། ཧྲང་ཧའེ་གྲོང་ཁྱེར་དུ་ཡན་ལག་ཚོགས་ར་བཙུགས་ནས་ཧྲང་ཧའེ་གྲོང་ཁྱེར་དུ་བྱེད་སྒོ་སྤེལ་བའི་གཟའ་འཁོར་གཉེར་རྒྱུ་རེད། ཤེས་གསལ་ལྟར་ན། ཧྲང་ཧའེ་གྲོང་ཁྱེར་དུ་བྱེད་སྒོ་སྤེལ་བའི་གཟའ་འཁོར་གྱིས"ཇོ་མོ་གླང་མའི་གསོན་ཉམས་དང་། ཧུའུ་བོད་བར་གྱི་བརྩེ་དུང་ཟབ་མོ"ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཤིང་། 《རྒྱལ་རྩེའི་རྗེས་ཤུལ་》ཞེས་པའི་ནང་མའི་ཟློས་གར་སྒྲིག་འཛུགས་བྱས་ཏེ་ཧྲང་ཧའེ་གྲོང་ཁྱེར་དུ་བྱེད་སྒོ་སྤེལ་བའི་གཟའ་འཁོར་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་ལ་ཞུགས་རྒྱུ་རེད། བྱེད་སྒོ་ནི་ཟླ་9ཚེས་11ཉིན་འགོ་འཛུགས་རྒྱུ་ཡིན་པ་དང་། ཟླ་9ཚེས་14ཉིན་མཇུག་བསྒྲིལ་རྒྱུ་རེད།  བྱེད་སྒོ་སྤེལ་རིང་ད་དུང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཚོང་འགུག་དངུལ་འདྲེན་ཚོགས་འདུ་དང་། གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཡུལ་སྲོལ་གོམས་འདྲིས་སྟོན་ཚོགས། ཇོ་རི་ཡུལ་སྐོར་སྐོར་གྱི་བརྙན་ལེན་པར་རིས་རབ་དང་རིམ་པའི་འགྲེམས་སྟོན། ཧྲང་ཧའེ་གྲོང་ཁྱེར་གྱིས་བོད་ལྗོངས་རོགས་སྐྱོར་གྲུབ་འབྲས་ཀྱི་པར་རིས་འགྲེམས་སྟོན། གཞིས་ཀ་རྩེ་གྲོང་ཁྱེར་གྱི་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ཀྱི་གླུ་གར་འཁྲབ་སྟོན། གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ། ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་གནམ་གྲུ་གཙང་གླས་བྱེད་འགོ་འཛུགས་པའི་མཛད་སྒོ། སྐབས་གཉིས་པའི"བརྩེ་དུང་རི་ལྟར་བརྟན་ཞིང་མཚོ་ལྟར་ཟབ་པའི་དམ་བཅའ་འཇོག་པའི་ཇོ་རིའི་གཉེན་སྟོན"འགོ་ཚུགས་པའི་མཛད་སྒོ་སོགས་བྱེད་སྒོ་རྣམ་གྲངས་10སྤེལ་རྒྱུ་རེད། མཇུག་སྒྲིལ་བའི་མཛད་སྒོར་མི་རིགས་གླུ་གར་འཁྲབ་སྟོན་བྱས་ཏེ་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ངོམ་སྟོན་བྱ་རྒྱུ་རེད།
    【1】  【2】  【3】
    ༄༅།།ཇོ་མོ་གླང་མའི་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་བཞི་པ་ཧྲང་ཧའེ་རུ་སྤེལ་རྒྱུ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།