འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་བརྒལ་བའི་གསའ་རྔོན་གསོད་ཀྱི་གྱོད་གཞིའི་ཁྲིམས་ར་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་23ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། དམངས་བྱིངས་ཀྱིས་དོ་ཁུར་ཆེན་པོ་བྱས་པའི་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་བརྒལ་བའི་གསའ་རྔོན་གསོད་ཀྱི་གྱོད་གཞིའི་འདྲི་ཞིབ་དང་པོ་དེར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཨ་རིག་རྫོང་མི་དམངས་ཁྲིམས་ཁང་དུ་ཁྲིམས་ར་འཚོགས་ཤིང་། ཀན་གོ་ཀྲེན་སོགས་ཞུ་སྦྱོར་ཕྱི་མ་5ལ་ཞིབ་དཔྱོད་ལས་ཁུངས་ཀྱིས་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྩ་ཆེན་ཁྲིམས་འགལ་ངང་རྔོན་རྒྱག་དང་། གསོད་པ། དེ་བཞིན་ཕྱིར་འཚོང་བཅས་བྱས་པའི་ཉེས་པ་བསགས་པར་དོགས་པ་ཡོད་པའི་ཐད་གཞུང་གཏུག་བྱས་པ་རེད།
         ཨ་རིག་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་གཞུང་གཏུག་ཡི་གེའི་ནང་མངོན་པ་ལྟར་ན། 2014ལོའི་ཟླ་7པར་ཞུ་སྦྱོར་ཕྱི་མ་ཀན་གོ་ཀྲེན་སོགས་ཀྱིས་ཀན་སུའུ་ཞིང་ཆེན་སུའུ་ནན་རྫོང་ཁོངས་སུ་ཁྲིམས་འགལ་ངང་གསའ་ཕྲུག་3རྔོན་འཛིན་བྱས་རྗེས་ཨ་རིག་རྫོང་དུ་འཁྱེར་ནས་གསོས་ཡོད། 2014ལོའི་ཟླ་12པར་ཞུ་སྦྱོར་ཕྱི་མ་ཀན་གོ་ཀྲེན་སོགས་ཀྱིས་གསའ་ཕྲུག་3ཁྲིམས་འགལ་ངང་ཟི་ལིང་གྲོང་ཁྱེར་གྱི་སྲོག་ཆགས་ར་བའི་འབྲེལ་ཡོད་མི་སྣར་སྤྲད་པ་མ་ཟད། གསོ་ཚགས་འགྲོ་གྲོན་སྒོར་ཁྲི་3ཡང་ཐོབ་ཅིང་། དེ་རྗེས་གསའ་ཕྲུག་3དབོར་ལམ་དུ་ལྟ་སྲུང་ཡག་པོ་མ་བྱུང་བའི་རྐྱེན་གྱིས་དབུགས་འགགས་ནས་ཤི་ཡོད། 2014ལོའི་ཟླ་12པར་ཞུ་སྦྱོར་ཕྱི་མ་ཝང་ཧའེ་ལུང་སོགས་ཀྱིས་མཚོ་སྔོན་ཞིང་ཆེན་ཨ་རིག་རྫོང་དང་ཀན་སུའུ་ཞིང་ཆེན་སུའུ་ནན་གྱི་འབྲེལ་མཚམས་སུ་གསའ་1དང་། གནའ་བ་2 གོང་མོ་3བཅས་རྔོན་བརྒྱབ་ནས་བསད་ཡོད། 2015ལོའི་ཟླ་1པར་ཞུ་སྦྱོར་ཕྱི་མ་ཝང་ཧའེ་ལུང་སོགས་ཀྱིས་ཁྲིམས་འགལ་ངང་རྔོན་བརྒྱབ་ནས་བསད་པའི་གསའ་དང་། གནའ་བ། གོང་མོ་སོགས་ཀྱི་རོ་ཨ་རིག་རྫོང་དུ་ལྐོག་འདྲེན་བྱེད་སྐབས་ཨ་རིག་རྫོང་ནགས་ཚལ་སྤྱི་བདེ་ཅུས་ལ་མང་ཚོགས་ཀྱི་ཐེར་འདོན་གོང་ཞུ་འབྱོར་ནས་རྩད་ཆོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།