འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་ཐར་རྫོང་གིས་ཅན་གསུམ་མཉམ་འགུལ་ཐོན་
    ལས་འཕེལ་རྒྱས་གཏོང་བར་རོགས་འདེད་བྱས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་23ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་ཐར་རྫོང་གིས་ཅན་གསུམ་མཉམ་འགུལ་ཐོན་
ལས་འཕེལ་རྒྱས་གཏོང་བར་རོགས་འདེད་བྱས།
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་ཅན་གསུམ་མཉམ་འགུལ་ཐོན་ལས་འཕེལ་རྒྱས་ལམ་བུར་རྒྱབ་སྐྱོར་དང་གནད་ཁེལ་དབུལ་སྐྱོར་ལས་དོན་ལ་སྐུལ་སྤེལ་ཤུགས་ཆེན་བྱེད་པ་དང་། ༢༠༢༠ལོར་དབུལ་བྲལ་འགག་སྒྲོལ་ལས་འགན་མངོན་འགྱུར་ཡོང་ཕྱིར། ༢༠༡༥ལོའི་ལོ་སྨད་ལ་གསེར་ཐར་རྫོང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྟོག་ཞིབ་རུ་ཁག་གཉིས་རྩ་འཛུགས་བྱས་ནས་ཉག་ཆུ་རྫོང་དང་འདབ་པ་རྫོང་། ཁྱུང་མཆུ་རྫོང་སོགས་སུ་རྟོག་ཞིབ་ཏུ་ཕྱིན་ཏེ། ཡུལ་དེའི་ཡུལ་སྐོར་ལྗོངས་རྒྱུད་ཅན་དུ་བསྒྱུར་བ་དང་གྲོང་རྡལ་རྣམ་པ་གསར་བ་ཅན་དུ་བསྒྱུར་བ། ཞིང་འབྲོག་ལས་དེང་རབས་ཅན་དུ་བསྒྱུར་བའི་ལས་དོན་གྱི་ལེགས་ཆ་ལ་རྟོག་ཞིབ་བྱས་པ་བརྒྱུད་དངོས་ཡོད་དང་འབྲེལ་ཏེ་རང་ཉིད་ཀྱི་ཞན་ཆ་འཚོལ་བ་དང་ཅན་གསུམ་མཉམ་འགུལ་གྱི་ལམ་བུ་འཆར་འགོད་བྱས་པ། རིམ་པ་སོ་སོའི་སྡེ་ཁག་སོ་སོས་ཅན་གསུམ་མཉམ་འགུལ་གྱི་བསམ་བློ་འདུ་ཤེས་གཏིང་ཇེ་ཟབ་རུ་གཏོང་བ་དང་། ལྗོངས་རྒྱུད་ཅན་གྱི་ཡུལ་སྐོར་འདུ་ཤེས་ཀྱི་ཞིང་གྲོང་འཛུགས་སྐྲུན་དང་ཞིང་ཕྱུགས་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་རྡལ་རྣམ་པ་གསར་བ་ཅན་དུ་བསྒྱུར་བ་དང་ཞིང་འབྲོག་ལས་དེང་རབས་ཅན་དུ་བསྒྱུར་བ་དེས་ལྗོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་རོགས་འདེད་ཤུགས་ཆེན་ཐེབས་ཡོད།  ཡུལ་སྐོར་ལ་བརྟེན་ནས་འཛུགས་སྐྲུན་བྱེད་པ་དང་། གྲོང་རྡལ་ལ་བརྟེན་ནས་ཡུལ་སྐོར་སྤེལ་བ། ཞིང་འབྲོག་ལས་དང་ཡུལ་སྐོར་གཉིས་ཕན་ཚུན་རོགས་རེས་ཀྱི་ཐོག་མའི་རྣམ་པ་གྲུབ།
         གསེར་ཐར་རྫོང་རྫོང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏུ་རྫོང་ཨུས་དམིགས་འབེན་གཅིག་དང་གཙོ་གནད་གཉིས། དོན་ཆེན་གསུམ་དང་བཟོ་སྐྲུན་ཆེན་པོ་བདུན་གྱི་འཐབ་ཇུས་སོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་རིག་ལམ་ཡིན་པ་གཏན་འཁེལ་བྱས། འདི་ནི་མཛེས་སྡུག  སྐྱེ་ཁམས། འཆམ་མཐུན། འབྱོར་འབྲིང་གི་གསེར་ཐར་སྐྲུན་པའི་ཐབས་ལམ་གལ་ཆེན་ཞིག་རེད། ༢༠༡༦ལོར་གསེར་ཐར་རྫོང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཕྱུགས་འབྲོག་ལས་དར་སྤེལ་འཆར་གཞི་དབུ་ཚུགས། སྐོར་བདུན་ཁག་གཅིག་ལས་དོན་བྱེད་ཐབས་ལག་བསྟར་བྱེད་པ་དེས་ཞིང་འབྲོག་མང་ཚོགས་དབུལ་བྲལ་ཕྱུག་འགྱུར་དུ་བགྲོད་པ་ལ་ཕན་ནུས་གལ་ཆེན་ཐེབས་ཡོད། རང་རྫོང་གི་སྐྱེ་ཁམས་ཕྱུགས་ལས་དང་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་ཞན་ཆ་དང་གནད་དོན་ལ་ངོས་ཟིན་རྙེད་པ། ཐོན་ལས་འཕེལ་རྒྱས་ཀྱི་རིག་ལམ་དང་དམིགས་འབེན་གསལ་བོ་ཡོང་བ། ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་གཏན་འབེབས་བྱེད་པ། ཕྱུགས་ལས་སྐྱེ་ཁམས་རང་བཞིན་དང་ཕན་འབྲས་རང་བཞིན། ཡུལ་སྐོར་རང་བཞིན་ལ་ཁ་ཕྱོགས་ཕྱིར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྒྱལ་ཕྱི་ནང་ལ་རྩྭ་ཐང་ཕྱུགས་ལས་ཀྱི་ལས་དོན་གཉེར་བཞིན་པའི་ཆེད་མཁས་པ་རྒན་ཚེ་བྷེ་ཆེད་དུ་གདན་ཞུས་གནང་སྟེ་གསེར་ཐར་གྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་དང་ཐོན་ལས་དབུལ་སྐྱོར་སོགས་ལ་ཐབས་ཇུས་བཏོན།
         ཆེད་མཁས་པ་རྒན་ཚེ་བྷེ་ཡིས་གསེར་རྟ་རྫོང་མཁན་ལེབ་ཡུལ་ཚོའི་ཨ་སྐྱབས་སྡེ་བ་དང་སྟག་རྩེ་ཡུལ་ཚོའི་ས་ནག་མདོ་རྩྭ་ཐང་བྱེ་འགྱུར་བཅོས་སྐྱོང་། ཡར་ལུང་ཡུལ་ཚོའི་གསེར་སྟོད་མའི་རྩྭ་ཐང་བྱེ་འགྱུར་བཅོས་སྐྱོང་། གསེར་ཁོག་གྲོང་གི་ཆེད་ལས་མཉམ་སྒྲུབ་ཁང་གསུམ་པོ་དང་། ལྔ་བདུན་འབྲོག་ས་སོགས་སྐྱེ་ཁམས་ཕྱུགས་ལས་ཀྱི་ད་ལྟའི་གནས་བབས་ལ་དཔྱད་ཞིབ་བྱས། དཔྱད་ཞིབ་བྱས་རྗེས་སྔ་གཞུག་ཏུ་རྫོང་ཡོངས་ཀྱི་ཁའོ་གཞོན་པ་ཡན་ཆད་ཀྱི་དབུ་ཁྲིད་དང་ལས་བྱེད་དཀྱུས་མ་ཁག་གཅིག  ཡུལ་ཚོ་བཅུ་བདུན་གྱི་གྲོང་ཚོའི་ཨུ་ཡོན་གཉིས་ཀྱི་ཀྲི་པུའུ་ཧྲུའུ་ཅི། གྲོང་ཚོའི་ཀྲུའུ་རེན། ཚོ་བ་དབུལ་བོ་སོ་སོའི་ཧྲུའུ་ཅུ་དང་པོ། ཞིང་འབྲོག་ཚན་རྩལ་ཁང་། དབུལ་སྐྱོར་དང་ཡུལ་མི་གནས་སྤོ་ཁང་གི་ལས་བྱེད་མི་སྣ་ཡོངས་དང་ཡུལ་ཚོ་སོ་སོའི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ས་ཚུགས་ཀྱི་ལས་བྱེད་རྣམས་ལ་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་དང་ཐོན་ལས་དབུལ་སྐྱོར་ཆེད་དོན་གསོ་སྦྱོང་ཚོགས་འདུ་ཐེངས་བཞིར་སྤེལ། གསོ་སྦྱོང་མི་སྣ་༦༢༠ལྷག་ཟིན་ཡོད།
         གསོ་སྦྱོང་འཚོགས་རྗེས་ཤུགས་རྐྱེན་ལེགས་པོ་ཐེབས་པ་དང་གསོ་སྦྱོང་གི་ནང་དོན་གོ་བདེ་ལ་གཞུང་ལུགས་དང་དངོས་ཡོད་ཟུང་དུ་འབྲེལ་བ། གསོ་སྦྱོང་གི་ཐབས་ལམ་གསར་གཏོད་ལྡན་པ། གསེར་ཐར་གྱི་ཕྱུགས་འབྲོག་ལས་ཀྱི་ད་ལྟ་གནས་བབས་ལ་བསྟུན་ནས་ཚོ་ཆུང་བགོས་ཏེ་བགྲོ་གླེང་བྱས། གསེར་ཐར་གྱི་དངོས་ཡོད་གནས་ཚུལ་དང་ཧ་ཅང་ཁ་འཚམ་ལ་ཕན་པ་མི་ཆུང་བ་ཐོབ། བློ་འབྱེད་གཏིང་ཟབ་ལ་མི་ཚེ་གང་བོ་སྤྱད་ནུས་པའི་ཤེས་བྱ་གསར་བ་མང་པོ་ཐོབ། གསེར་ཐར་རྫོང་སྐྱེ་ཁམས་ཕན་འབྲས་ཀྱི་ཕྱུགས་འབྲོག་ལས་འཕེལ་རྒྱས་ཐད་ང་ཚོའི་ངོས་ཟིན་ཡང་དག་ཡོང་བར་རམ་འདེགས་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།
    ༄༅།།སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་ཐར་རྫོང་གིས་ཅན་གསུམ་མཉམ་འགུལ་ཐོན་
ལས་འཕེལ་རྒྱས་གཏོང་བར་རོགས་འདེད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།