འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་ཨོ་རྩལ་འགྲན་ཚོགས་ནང་ཨང་དང་པོ་
    བླངས་པར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གློག་འཕྲིན་
    བཏང་ནས་རྟེན་འབྲེལ་ཞུས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་23ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལོ་12རྗེས་ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་སླར་ཡང་ཨོ་རྩལ་འགྲན་ཚོགས་ནང་ཨང་དང་པོ་བླངས་ཡོད། ཚེས་20ཉིན་གྱི་དགོང་མོར་མཱ་ལ་ཁ་ན་ཆུང་བའི་ལུས་རྩལ་ཁང་དུ་ཚོགས་ཆུང་འགྲན་བསྡུར་ནང་ཐེངས་གཉིས་རྒྱལ་བ་དང་གསུམ་ཕམ་པའི་ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་ཨོ་རྩལ་འགྲན་ཚོགས་ཀྱི་མཐའ་བསྡུར་ཁྲོད་བསྡུར་གྲངས་3བསྡུར་1གི་ཐོག་ནས་སེར་པི་ཡ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ལོ་རྒྱུས་ཐོག་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐེངས་གསུམ་པ་དེ་བླངས་པ་རེད།
         ཚོགས་ཆུང་འགྲན་བསྡུར་ནང་ཧོ་ལན་དང་། སེར་པི་ཡ། ཨ་རི་བཅས་ཀྱི་རུ་ཁག་འཕྲད་པའི་དཀའ་གནད་ཆེ་བའི་གནས་ཚུལ་འོག་ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་ལང་ཕིང་གི་སྣེ་ཁྲིད་ལ་བརྟེན་ནས་་སྙིང་རུས་ཆེན་པོས་འབད་བརྩོན་བྱས་པ་བརྒྱུད་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཨང་དང་པོ་ཐེངས་གཉིས་ཐོབ་མྱོང་བའི་པར་ཙིར་རུ་ཁག་དང་ཡོ་རོབ་ཀྱི་རུ་ཁག་གསར་པ་རྩེ་གྲ་ཧོ་ལན་ལས་རྣམ་པར་རྒྱལ་བ་དང་མཐར་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་ཨང་གཉིས་པ་ཐོབ་པའི་སེར་པི་ཡའི་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ་རེད།
         ཚེས་21ཉིན་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལི་གཡོད་ཀྱི་ཨོ་རྩལ་འགྲན་ཚོགས་ནང་ཞུགས་མཁན་ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བའི་ནང་། རྒྱལ་ཡོངས་ཀྱི་བུད་མེད་དུང་ཕྱུར་མང་པོའི་ཚབ་ཞུས་ནས་ཀྲུང་གོའི་འཐུས་མི་ཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་ལ་གུས་འདུད་ཞུས་པ་མ་ཟད། ལི་གཡོད་ཨོ་རྩལ་འགྲན་ཚོགས་ནང་ཞུགས་ནས་ཀྲུང་གོར་གཟི་བརྗིད་མཚན་སྙན་བརྩོན་ལེན་བྱེད་མཁན་བུད་མེད་ལུས་རྩལ་པ་ཡོངས་ལ་སྨོན་འདུན་ཡང་ཞུས་ཡོད།
         རྟེན་འབྲེལ་གློག་འཕྲིན་ནང་། ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་འགྲན་བསྡུར་གྱི་བྱ་དགའ་དང་པོ་ལེན་སའི་ཐོག་སླར་ཡང་ལངས་ནས་མེས་རྒྱལ་དང་མི་དམངས་ལ་བླ་ན་མེད་པའི་གཟི་བརྗིད་བརྩོན་ལེན་བྱས་ཡོད། དེ་ནི་ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གི་སྙིང་སྟོབས་ཀྱི་རྒྱལ་ཁ་མཚོན་ལ། ཀྲུང་གོའི་བུད་མེད་ཀྱི་སྤོབས་པའང་ཡིན་པས། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་རྣམས་སྐུལ་སློང་བྱས་ནས་ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་ལ་སློབ་སྦྱོང་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།