འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།པུའུ་ཨུད་ལྔས་ཁྲིམས་འགལ་ངང་ཟོག་འདྲེན་རླངས་འཁོར་བཟོ་བཅོས་དང་མྱུར་ཚད་ལས་བརྒལ་
    བ་དང་དངོས་ཟོག་ཚད་ལས་བརྒལ་བ་བླུགས་པར་བཅོས་སྒྲིག་བྱ་རྒྱུའི་ཡིག་ཆ་བཀྲམས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་23ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། བཟོ་ཚོང་སྤྱི་ཁྱབ་ཅུས། སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུས་བཅས་པུའུ་ཨུད་ལྔས་མཉམ་དུ་《ཁྲིམས་འགལ་ངང་ཟོག་འདྲེན་རླངས་འཁོར་བཟོ་བཅོས་དང་མྱུར་ཚད་ལས་བརྒལ་བ་དང་དངོས་ཟོག་ཚད་ལས་བརྒལ་བ་བླུགས་པར་བཅོས་སྒྲིག་བྱེད་པའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ་)པར་འགྲེམས་བྱས་པ་རེད། ཚེས་18ཉིན་པུའུ་ཨུད་ལྔས་རྒྱལ་ཡོངས་ཀྱི་ཁྲིམས་འགལ་ངང་ཟོག་འདྲེན་རླངས་འཁོར་བཟོ་བཅོས་དང་མྱུར་ཚད་ལས་བརྒལ་བ་དང་དངོས་ཟོག་ཚད་ལས་བརྒལ་བ་བླུགས་པར་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 2004ལོ་ཤར་ཚུན་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རླངས་འཁོར་མྱུར་ཚད་ལས་བརྒལ་བ་དང་དངོས་ཟོག་ཚད་ལས་བརྒལ་བ་བླུགས་པར་བཅོས་སྒྲིག་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གཞུང་ལམ་ཨ་མར་ཆ་སྙོམས་མྱུར་ཚད་ལས་བརྒལ་ཚད་གཅིག་སྡུད་བཅོས་སྒྲིག་མ་བྱས་གོང་གི་80%ཡན་ནས་5%ཡས་མས་བར་ཆག་པ་དང་། ཟོག་འདྲེན་རླངས་འཁོར་གྱི་འགྲིམ་འགྲུལ་བདེ་འཇགས་ལས་འཛོལ་ཐོན་ཚད་མངོན་གསལ་དོད་པོས་དམའ་རུ་ཕྱིན་པ། གཞུང་ལམ་ཨ་མའི་འགྲོ་ལམ་གྱི་གནས་ཚུལ་ཉེ་བའི་ལོ་5ཡི་ནང་1.88%མཐོ་རུ་ཕྱིན་པའི་ཁར་ཤར་གཏོང་ཐུབ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ཆ་སྙོམས་བྱས་ན་གཞུང་ལམ་བེད་སྤྱོད་བྱེད་ཚད་ལོ་0.5རིང་དུ་སོང་ཡོད་པ་རེད།
         མངོན་གསལ་དོད་པའི་གནད་དོན་དེར་དམིགས་ཏེ་《བསམ་འཆར་》ནང“རྒྱལ་ཡོངས་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། ས་གནས་སྲིད་གཞུང་གིས་འགན་འཁུར། སྡེ་ཚན་གྱིས་མཐུན་སྦྱོར་བྱ་རྒྱུར་མཛུབ་སྟོན། ཕྱོགས་ཁག་གི་མཉམ་འགུལ་བྱ་སྤྱོད”བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ས་གནས་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་བཅའ་ཁྲིམས་དང་། སྲིད་འཛིན། དཔལ་འབྱོར། ལག་རྩལ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་ཟོག་འདྲེན་རླངས་འཁོར་ཐོན་སྐྱེད་དང་། བཟོ་བཅོས། བྲིན་ཚོང་། ཟོག་འདྲེན་རླངས་འཁོར་སྐྱེལ་འདྲེན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕྱོགས་བསྡུས་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་བྱས་ཏེ་ཁྲིམས་འགལ་ངང་ཟོག་འདྲེན་རླངས་འཁོར་བཟོ་བཅོས་རྒྱག་པའི་སྣང་ཚུལ་གཞི་རྩའི་ཆ་ནས་གཏན་འགོག་བྱས་པ་དང་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ་ཞིང་ལམ་གྱི་ལམ་ཨ་མར་མྱུར་ཚད་ལས་བརྒལ་བ་དང་དངོས་ཟོག་ཚད་ལས་བརྒལ་ནས་བླུགས་པའི་སྣང་ཚུལ་གཞི་རྩའི་ཆ་ནས་མེད་པ་བཟོས་པས། གྲོང་གསེབ་ཀྱི་གཞུང་ལམ་ཐོག་མྱུར་ཚད་ལས་བརྒལ་བ་དང་དངོས་ཟོག་ཚད་ལས་བརྒལ་བར་བླུགས་པའི་སྣང་ཚུལ་བཀག་སྡོམ་ནུས་ལྡན་ཐུབ་ནས་གཞུང་ལམ་དྲ་རྒྱའི་སྤྱིའི་བདེ་འཇགས་ཀྱི་འགན་ལེན་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།