འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རྒྱང་སྒྲོལ་འགྲོ་གྲོན་རིམ་གྱིས་མེད་པ་བཟོ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་23ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་19ཉིན་གསར་འགོད་པར་ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཚོགས་པ་ཀུང་སི་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་7པའི་རྗེས་ཀྲུང་གོ་སྒུལ་བདེས་རྒྱང་སྒྲོལ་འགྲོ་གྲོན་ཚུད་པའི་སྡེབ་རྩིས་གསར་སྣོན་མི་བྱེད་པའི་ཁར་2016ལོའི་ལོ་མཇུག་གོང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ“རྒྱང་སྒྲོལ་འགྲོ་གྲོན་དང་གྲོང་ཁྱེར་གྱི་ཁ་པར་འགྲོ་གྲོན་མིན་པའི་གཏན་འཁེལ་རིན་གོང”སྡེབ་རྩིས་བྲིན་ཚོང་བྱེད་མཚམས་འཇོག་རྒྱུ་ཡིན་ཞིང་། མིག་སྔར་གཉེར་སྐྱོང་ཁང་ཆེན་པོ་གསུམ་གྱིས་རྒྱང་སྒྲོལ་འགྲོ་གྲོན་རིམ་གྱིས་མེད་པ་བཟོ་རྒྱུའི་བྱེད་ཐབས་གཅིག་རྗེས་གཉིས་མཐུད་ངང་ཁྱབ་བསྒྲགས་བྱས་ཏེ་རང་རྒྱལ་གྱི་རྒྱང་སྒྲོལ་འགྲོ་གྲོན་མཐར་མེད་པ་བཟོ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་སྒུལ་བདེས་སྔར་ནས་བཟུང་རྒྱང་སྒྲོལ་འགྲོ་གྲོན་དང་གྲོང་ཁྱེར་གྱི་ཁ་པར་འགྲོ་གྲོན་གཞི་གཅིག་ཅན་གྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་དོ་ཁུར་རྒྱ་ཁྱབ་བྱེད་པའི་རྒྱང་སྒྲོལ་འགྲོ་གྲོན་རིམ་གྱིས་མེད་པ་བཟོ་རྒྱུ་ཡིན་ཞིང་། 2016ལོའི་ལོ་སྨད་དུ། ཀྲུང་གོ་སྒུལ་བདེས་རྒྱང་སྒྲོལ་འགྲོ་གྲོན་ཚུད་པའི“རྒྱང་སྒྲོལ་འགྲོ་གྲོན་དང་གྲོང་ཁྱེར་གྱི་ཁ་པར་འགྲོ་གྲོན”སྡེབ་རྩིས་གསར་སྣོན་མི་བྱེད་པ་དང་། 2016ལོའི་ལོ་མཇུག་གོང་རྒྱལ་ཡོངས་ཀྱིས་རྒྱང་སྒྲོལ་འགྲོ་གྲོན་སྡེབ་རྩིས་བྲིན་ཚོང་བྱེད་མཚམས་འཇོག་རྒྱུ་རེད། སླད་ཕྱིན་རྒྱང་སྒྲོལ་འགྲོ་གྲོན་ཚུད་པའི་སྡེབ་རྩིས་རྙིང་པ་སྤྱོད་མཁན་ལ་འདོད་མོས་གཞིར་བཟུང་ལས་གཉེར་ཁང་དང་། 10086གི་ཞབས་ཞུའི་ཐད་སྦྲེལ་ཁ་པར། དྲ་ཐོག་ལས་གཉེར་ཐིང་། ཀྲུང་གོ་སྒུལ་བདེ་ལག་ཐོགས་ཁ་པར་APPསོགས་ཐབས་ལམ་མང་པོ་བརྒྱུད་དྲ་རྒྱ་ཡོངས་ཀྱི་གཅིག་གྱུར་སྡེབས་རྩིས་གཉེར་ནས་རྒྱལ་ཡོངས་ཀྱི་རྒྱང་སྒྲོལ་འགྲོ་གྲོན་དང་གྲོང་ཁྱེར་གྱི་འགྲོ་གྲོན་གཅིག་གྱུར་ཐུབ་པ་བྱ་རྒྱུ་རེད།
         འཕྲིན་ཐུང་རིགས་གཅིག་མཁས་ཅན་གྱིས་མིག་སྔར། རྨང་གཞིའི་གློག་འཕྲིན་གཉེར་སྐྱོང་ཁང་གིས་སྲོལ་རྒྱུན་གྱི་སྐད་གདངས་སོགས་ལས་སྒོ་གཙོ་བོར་བྱེད་པ་ནས་རྒྱུག་འབོར་གཙོ་བོར་བྱེད་པའི་བར་གྱི་གཉེར་སྐྱོང་བྱེད་སྟངས་གསར་པར་སྒྱུར་བཞིན་ཡོད་པ་དང་། ཚན་རྩལ་རིམ་སྤོར་དང་མྱུར་སྤོར་རིན་གཅོག་གི་ལས་དོན་ལ་སྐུལ་འདེད་བཏང་བ་དང་སྦྲགས་རང་རྒྱལ་གྱི་འཕྲིན་ཐུང་འཛད་སྤྱོད་དེ་བས་ཡོངས་བསྒྲགས་དང་འགྲོ་གྲོན་སྔར་བས་ཉུང་དུ་གཏོང་རེ་ཡོད་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།