འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་གྱི་དབུས་བྱང་རྒྱུད་ས་ཁུལ་དུ་དྲག་ཆར་འབབ་པའི་གནམ་གཤིས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་22ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱ་གར་གྱི་དབུས་བྱང་རྒྱུད་ས་ཁུལ་དུ་ཉེ་བའི་གཟའ་འཁོར་གཅིག་རིང་བསྟུད་མར་དྲག་ཆར་འབབ་པའི་གནམ་གཤིས་བྱུང་ཞིང་། ཟླ་8ཚེས་21ཉིན་རྒྱ་གར་གཞུང་གི་དཔོན་པོ་ཞིག་གིས་རྒྱ་གར་གྱི་དཀྱིལ་དབུས་མངའ་སྡེ་དང་། ལ་ཅ་སི་ཐན་མངའ་སྡེ། དེ་བཞིན་བྱང་རྒྱུད་ཨ་ཁན་ཏེ་མངའ་སྡེའི་པའོ་ལི་ས་ཁུལ་བཅས་སུ་ཤཱ་འོད་བྱུང་ནས་ཉུང་མཐའ་ཡང་མི་27རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་ལྷག་ལ་གནོད་འཚེ་ཐེབས་ཡོད་ཅེས་བརྗོད་པ་རེད།
          ཟླ་8ཚེས་19ཉིན་གྱི་དགོང་མོ་ནས་བཟུང་དཀྱིལ་དབུས་མངའ་སྡེར་དུས་ཐུང་དྲག་ཆར་བབས་པའི་རྐྱེན་གྱིས་མི་15རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མི་7ནི་སྡོད་ཁང་རྡིབ་ལོག་བྱུང་བ་ལས་རྐྱེན་ལམ་དུ་ཤོར་བ་རེད། ལ་ཅ་སི་ཐན་མངའ་སྡེར་སྡོད་ཁང་ཞིག་རྡིབ་ལོག་བྱུང་བ་ལས་མི་5ཡི་སྲོག་འཕྲོག་པ་རེད། བྱང་རྒྱུད་ཨ་ཁན་ཏེ་མངའ་སྡེའི་པའོ་ལི་ས་ཁུལ་དུ་དྲག་ཆར་བབས་པ་ལས་རི་ཉིལ་བའི་གནོད་འཚེ་བྱུང་བས། སྡོད་ཁང་ཞིག་ལ་རྦབ་རྡོ་ཕོག་ནས་མི་7རྐྱེན་ལམ་དུ་ཤོར་བ་རེད།
         རྒྱ་གར་དམག་ཕྱོགས་ཀྱིས་ཐད་འཕུར་གནམ་གྲུ་མང་པོ་བཏང་ནས་གེགས་ཁུལ་གྱི་བར་སྣང་ནས་མྱུར་སྐྱོབ་དངོས་ཟོག་འཕེན་པ་དང་། གནོད་ཐེབས་མང་ཚོགས་མང་པོ་ཞིག་ཀྱང་བདེ་འཇགས་ས་ཁུལ་དུ་གནས་སྤོ་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།