འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་རྨ་ལྷོ་ཁུལ་དུ“དྲ་སྦྲེལ་དང་གནད་སྨིན་དབུལ་སྐྱོར་ཟུང་དུ་འབྲེལ་བའི”
    ཐབས་གསར་ལག་ལེན་བསྟར་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་16ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་མཚོ་སྔོན་རྨ་ལྷོ་ཁུལ་ཨུད་དང་ཁུལ་སྲིད་གཞུང་དང་། ཞིང་ཆེན་ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཨུ་ཡོན་ལྷན་ཁང་གི་གཙོ་ཁྲིད་དང་དེ་བཞིན་རྒྱབ་སྐྱོར་འོག་གཅན་ཚ་རྫོང་གི་མཚོ་རྒྱལ་གྲོང་ཚོ་དང་། ཐུན་རིན་རྫོང་གི་སྒོ་དམར་གྲོང་ཚོ། རྨ་ལྷོ་རྫོང་གི་གསེར་གཞུང་གྲོང་ཚོ་དང་བུའུ་ཐུན་གྲོང་ཚོ་བཅས་འོད་སྐུད་དྲ་བའི་གྲོང་ཚོར་བསྐྲུན་ཟིན་པ་དང་བསྟུན་ནས་ཀྲུང་གོ་གློག་འཕྲིན་གྱིས་རྨ་ལྷོར་གྲོང་ཚོ་དབུལ་པོ་30ལྷག་ཙམ་ལ་འོད་སྐུད་ཁྲིད་ཟིན་ནས་དུད་ཚང་5600ལྷག་ཙམ་ཚང་མར་ཀྲུང་གོ་གློག་འཕྲིན“དྲ་གསུམ་མཉམ་འདྲེས”ལས་སྒོ་སྒྲིག་སྦྱོར་གྱིས་བེད་སྤྱོད་བྱས་པ་དང་། “འོད་ཤུགས་བརྙན་འཕྲིན་དང་། ཤོང་ཆེ་མྱུར་བགྲོད། 4Gལག་ཐོགས་ཁ་པར་བཅས་ཟུང་དུ་འབྲེལ་རྒྱུ”ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱུང་ནས་ཁོང་ཚོའི་བརྙན་འཕྲིན་དང་། དྲ་བ། ཁ་པར་བཅས་ཀྱི་དགོས་མཁོ་བསྐངས་ཡོད་པ་རེད།
         ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་སྐྱོར་ལས་དོན་ལ་དམིགས་ཏེ“གྲོང་ཚོ་ཡོངས་ལ་སྐུལ་འདེད”དང་“གློག་རྡུལ་ཚོང་ཁང་དབུལ་སྐྱོར”གྱི་བསམ་ཕྱོགས་གསར་པ་གསལ་པོ་བཏོན་པ་དང་། དེ་བཞིན་གློག་འཕྲིན་གྱི་ཡོངས་ཁྱབ་ཞབས་ཞུའི་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། ཤོང་ཆེ་དྲ་རྒྱ་གྲོང་ཚོ་དབུལ་པོར་མགྱོགས་མྱུར་ཁྱབ་གདལ་བཏང་ནས་ཁྱིམ་ཚང་དབུལ་པོར་དྲ་རྒྱའི་འགྲོ་གྲོན་ཁ་གསབ་སྤྲད་ནས་རྒྱབ་སྐྱོར་སོགས་ཀྱི་ཞིབ་ཕྲའི་བླང་བྱ་བཏོན་ཡོད། རྨ་ལྷོ་ཁུལ་ཨུད་དང་ཁུལ་སྲིད་གཞུང་གི་མཐོང་ཆེན་འོག་ཞིང་ཆེན་ནང་ཁོངས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་གཙོ་ཤུགས་དམག་ཡིན་པའི་ཀྲུང་གོ་གློག་འཕྲིན་མཚོ་སྔོན་ཀུང་སི་དང་མཐུན་སྦྱོར་དང་འབྲེལ་མཐུད་ཐེངས་མང་བྱས་ནས་ཀྲུང་གོ་གློག་འཕྲིན་ཁྱབ་ཁོངས་ཀྱི་ཕུལ་བྱུང་དྲ་རྒྱའི་ལག་རྩལ་གང་འདྲ་སྤྱོད་མིན་ཞིབ་འཇུག་བྱས་ཏེ“དྲ་སྦྲེལ་+”དང་“གནད་སྨིན་དབུལ་སྐྱོར”ཟུང་འབྲེལ་ནུས་ལྡན་གྱིས་དུད་ཚང་དབུལ་པོ“གནད་སྨིན་དབུལ་སྒྲོལ”ཐུབ་རྒྱུར་ཁྲིད་སྟོན་བྱས་མཐར། “གློག་འཕྲིན་གྱི་འཛུགས་སྐྲུན་དང་། སྲིད་གཞུང་གི་རོགས་སྐྱོར། ཞིང་དུད་ལ་ཕན་པ་ཐོབ་པ་བཅས་དང་། དྲ་གསུམ་མཉམ་འདྲེས་དང་། གྲོང་ཚོ་ཚང་མར་སྐུལ་འདེད། གློག་རྡུལ་ཚོང་ཁང་གི་དབུལ་སྐྱོར”བཅས་བྱེད་པའི་རྨ་ལྷོའི་དབུལ་སྐྱོར་བྱེད་ཐབས་གཏན་འཁེལ་ཐུབ་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།