འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་དངུལ་ཁང་གིས་ཁེ་ལས་འབྲིང་ཆུང་དང་གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་
    འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་16ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་14ཉིན་འཚོགས་པའི་2016ལོའི་རྒྱལ་ཡོངས་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལས་དོན་ཚོགས་འདུའི་ཐོག་ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་གི་ལས་རོགས་པ་དབྱང་ཙི་ཆང་གིས་ཁེ་ལས་འབྲིང་ཆུང་དང་ཞིང་དུད་ཀྱི་ཆ་འཕྲིན་ཞབས་ཞུ་ལེགས་སུ་གཏོང་རྒྱུ་དེ་འགོ་འཛུགས་སར་བརྩིས་ནས་ཁེ་ལས་འབྲིང་ཆུང་དང་གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད།
         དབྱང་ཙི་ཆང་གིས་ཉེ་བའི་ལོ་ཤས་རིང་། མི་དམངས་དངུལ་ཁང་གིས་ཁེ་ལས་འབྲིང་ཆུང་དང་གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ཡིད་རྟོན་ཆ་འཕྲིན་བསྡུ་ལེན་དང་། ཡིད་རྟོན་གདེང་འཇོག་དང་བེད་སྤྱོད་གཙོ་རྐང་དུ་བྱས་ཏེ་ཡིད་རྟོན་གྲོས་འདྲིའི་ཞབས་ཞུ་དང་དངུལ་རྩའི་ཞབས་ཞུ་ལེགས་སུ་བཏང་བ་དེས་ཁེ་ལས་འབྲིང་ཆུང་དང་ཞིང་དུད་ལ་མཁོ་བའི་མ་དངུལ་བསྡུ་སྒྲིལ་རག་བདེ་རུ་གཏོང་བ་དང་། ཁེ་ལས་འབྲིང་ཆུང་དང་ཞིང་དུད་ཀྱིས་མ་དངུལ་བསྡུ་སྒྲིལ་བྱས་ནས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་ཐད་ནུས་པ་གལ་ཆེན་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། གོམ་སྟབས་རྗེས་མར། སྲིད་གཞུང་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ་སྲིད་དོན་ཡིད་རྟོན་རུང་བ་དེས་སྤྱི་ཚོགས་ཀྱི་ཡིད་རྟོན་འཛུགས་སྐྱོང་ལ་སྣེ་ཁྲིད་དང་དཔེ་སྟོན་བྱེད་དགོས་པ་དང་། དྲང་གཞག་དང་། གཞུང་དྲང་། འགྲན་རྩོད་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཆ་འཕྲིན་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་མཉམ་དུ་བྱ་དགའ་ཆད་གཅོད་བྱེད་དགོས། ཡིད་རྟོན་གྲོས་འདྲིའི་ཁྲོམ་ར་ཚད་ལྡན་ངང་འཕེལ་རྒྱས་བཏང་སྟེ་ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་ཏན་ཏིག་ངང་འདོན་དགོས། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཆ་འཕྲིན་སྲུང་སྐྱོབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ཏེ་ཡིད་རྟོན་ཆ་འཕྲིན་གྱི་བྱེད་པོའི་ཁེ་དབང་འགན་ལེན་བྱེད་དགོས་ཞེས་བཤད་པ་རེད།
         དབྱང་ཙི་ཆང་གིས་རང་རྒྱལ་གྱི་ཡིད་རྟོན་གྲོས་འདྲིའི་མ་ལག་འཛུགས་སྐྱོང་བརྟན་པོའི་ངང་སྐུལ་འདེད་བཏང་བ་སྟེ། གཅིག་ནས་ཡིད་རྟོན་གྲོས་འདྲིའི་ཁྲོམ་ར་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད་མི་དམངས་དངུལ་ཁང་གིས་《ཡིད་རྟོན་གྲོས་འདྲི་སྒྲིག་གཞིའི་དོ་དམ་བྱ་ཐབས་》དང་། 《ཡིད་རྟོན་གྲོས་འདྲི་སྒྲིག་གཞིའི་ལྟ་སྐུལ་དོ་དམ་མཛུབ་ཁྲིད་》སོགས་དང་《ཡིད་རྟོན་གྲོས་འདྲིའི་ལས་རིགས་ཀྱི་དོ་དམ་སྲོལ་ཡིག་》ལྷན་དུ་སྦྱར་བའི་ལམ་ལུགས་དང་ཡིག་ཆ་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་ཏེ་ཁེ་ལས་ཀྱི་ཡིད་རྟོན་གྲོས་འདྲི་སྒྲིག་གཞིའི་ཐོ་བཀོད་དང་མི་སྒེར་གྱི་ཡིད་རྟོན་གྲོས་འདྲི་སྒྲིག་གཞིའི་ལས་སྒོ་གྲ་སྒྲིག་བྱས་ཡོད། གཅིག་ཤོས་ནས་དངུལ་རྩའི་རྨང་གཞིའི་གྲངས་གཞིའི་མཛོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་2016ལོའི་ཟླ་གསུམ་པའི་ཟླ་མཇུག་བར་སྤྱི་དམངས་དུང་ཕྱུར་8.85དང་དེ་བཞིན་ཁེ་ལས་ཚོང་དུད་ཁྲི་2139དང་རྩ་འཛུགས་གཞན་དག་གི་ཆ་འཕྲིན་བསྡུ་རུབ་བྱས་པ་དང་ཆབས་ཅིག་ཁེ་ལས་འབྲིང་ཆུང་དང་གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ཡིད་རྟོན་ཆ་འཕྲིན་རིགས་དབྱེ་གཅིག་སྡུད་དང་ཞབས་ཞུ་བརྒྱུད་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་དང་ཞིང་དུད་སོགས་བྱེད་པོའི་ཡིད་རྟོན་ཤེས་རྟོགས་དང་ལེགས་སུ་བཏང་ནས་ཁོང་ཚོའི་མ་དངུལ་བསྡུ་སྒྲིལ་ནུས་པ་ཆེ་རུ་བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།