འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཨོ་སི་ཁྲུ་ལི་ཡར་འཚམས་འདྲི་བྱས་ནས་ཕྱོགས་
    གཉིས་པོའི་སྤེལ་རེས་མཉམ་ལས་ལ་སྐུལ་མ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་16ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚེས་10ནས་13ཉིན་བར་ཚོགས་པའི་སྣེ་འཁྲིད་དེ་ཨོ་སི་ཁྲུ་ལི་ཡར་འཚམས་འདྲིར་ཕེབས་ནས་བྱང་ཝེའར་ཧྲི་གསར་པ་ཀྲོའུ་ཡི་དཔོན་རིགས་དང་། ཤིས་ཉི་གྲོང་ཁྱེར་གྱི་ཧྲི་ཀྲང་གི་འཐུས་མི། གྲོང་ཁྱེར་གྱི་གྲོས་མི་སོགས་དང་གྲོས་མོལ་གནང་ནས་བོད་རང་སྐྱོང་ལྗོངས་དང་བྱང་ཝེའར་ཧྲི་གསར་པ་ཀྲོའུ་དང་ཤིས་ཉི་གྲོང་ཁྱེར་དབར་གྱི་ཕྱོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།
         བློ་བཟང་རྒྱལ་མཚན་གྱིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ལ་ཕན་ཚུན་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཀྱང་ཡིན། མིག་སྔར་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་སྤྱིའི་ཆ་ནས་གོང་འཕེལ་ཡག་པོ་བྱུང་ཡོད་པ་དང་རྒྱལ་ཁབ་གཉིས་པོས་སྨན་བཅོས་དང་། སྤྱི་པའི་ཞབས་ཞུ། ལས་རིགས་གསོ་སྦྱོང་། ཞིང་ལས་ལག་རྩལ་མཉམ་ལས་སོགས་ཁྱབ་ཁོངས་ཐད་ཕྱོགས་གཉིས་དབར་མཉམ་ལས་བྱས་པ་དེས་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་སྐུལ་མ་ཐེབས་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་བྱང་ཝེའར་ཧྲི་གསར་པ་ཀྲོའུ་དང་ཤིས་ཉི་དང་མཉམ་དུ་ཕྱོགས་གཉིས་པོའི་རིག་གནས་དང་། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་རྒྱ་སྐྱེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         བྱང་ཝེའར་ཧྲི་གསར་པ་ཀྲོའུ་དང་ཤིས་ཉི་གྲོང་ཁྱེར་གྱི་དཔོན་རིགས་ཀྱིས་ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་དབར་གྱི་མཛའ་མཐུན་འབྲེལ་བ་དང་དེ་བཞིན་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་མཐུན་ལ་ཁས་ལེན་གང་ལེགས་བྱས་པ་དང་ཆབས་ཅིག་ཞིང་ལས་དང་། ཚན་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་ཐད་བོད་རང་སྐྱོང་ལྗོངས་དང་རྒྱ་ཁྱབ་ཀྱི་སྤེལ་རེས་དང་མཉམ་ལས་བྱེད་འདོད་ཡོད་ཅེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།