འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་ཡུལ་སྐོར་བ་ཁྲི་སྟོང་དར་གོས་ལམ་བུར་ཡུལ་སྐོར་ལ་གདན་དྲངས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་16ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་6ཚེས་20ཉིན་ལན་ཀྲོའུ་རུ་ཏུན་ཧོང་དུ་སྐྱོད་པའི·དར་གོས་ལམ་བུའི་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་སྐབས་དྲུག་པ་འགོ་འཛུགས་རྒྱུ་ཡིན་ཞིང་། དུས་ཡུན་ཟླ་བ་གཅིག་གི་རིང་། རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་གདན་དྲངས་ནས་ཀན་སུའུ་ཁོངས་ཀྱི་དར་གོས་ལམ་བུའི་མཛེས་ལྗོངས་ལ་ལྟ་བར་འཁྲིད་རྒྱུ་ཡིན་པ་རེད།
         ཟླ་6ཚེས་21ཉིན་དུས་ཆེན་གྱི་བྱེད་སྒོ་གཙོ་བོའི་གྲས་ཡིན་པའི“ཡུལ་སྐོར་བ་ཁྲི་སྟོང་ཀན་སུའུ་རུ་སྐྱོད”ཅེས་པ་འགོ་འཛུགས་རྒྱུ་ལས་འཇར་པན་གྱི་ཡུལ་སྐོར་བ་500ཏུན་ཧོང་དུ་བསྐྱོད་རྒྱུ་དང་། ཨེ་ཤ་ཡའི་ཤར་ལྷོའི་རྒྱུད་ཀྱི་ཡུལ་སྐོར་བ་300དར་གོས་ལམ་བུའི་ཆེད་སྤྱོད་མེ་འཁོར་བསྡད་དེ་ཀན་སུའུ་རུ་བསྐྱོད་རྒྱུ། ཡོ་རོབ་དང་ཨ་རིའི་ཡུལ་སྐོར་བ་100ཀྲང་ཡེ་རུ་སྐྱོད་ནས་སྒར་བརྒྱབ་ནས་ཡུལ་སྐོར་བྱ་རྒྱུ། ཧན་གོའི་ཡུལ་སྐོར་བ་100རྐང་ཐང་མར་ཀན་ལྷོར་བསྐྱོད་རྒྱུ། ཕྱིར་སྡོད་ཀྲུང་གོ་བ་སྟོང་ཕྲག་ཙམ་རྩ་བ་འཚོལ་བ་དང་མེས་པོར་མཆོད་འབུལ་བྱེད་པར་བསྐྱོད་རྒྱུ། ཤང་ཀང་དང་ཨའོ་མན་གྱི་གཞོན་ནུ་ཡུལ་སྐོར་བ་500དར་གོས་ལམ་བུར་ཞིབ་འཇུག་དང་སློབ་སྦྱོང་ལ་བསྐྱོད་རྒྱུ། ཐའེ་དབན་གྱི་ཡུལ་སྐོར་བ་200དར་གོས་ལམ་བུའི་ཆེད་གཏོང་མེ་འཁོར་བསྡད་དེ་ཀན་སུའུ་རུ་བསྐྱོད་རྒྱུ། ཕྱི་གླིང་གི་སློབ་གཉེར་བ་100དར་གོས་ལམ་བུར་སློབ་སྦྱོང་ལ་བསྐྱོད་རྒྱུ། རྒྱལ་ནང་གི་ཡུལ་སྐོར་བ་སྟོང་གི་རང་ཉིད་ཀྱིས་སྒེར་འཁོར་བཏང་ནས་ཀན་སུའུ་རུ་བསྐྱོད་རྒྱུ་སོགས་ཡིན་པ་རེད།
         དུས་ཆེན་རིང་ཀན་སུའུ་ཡིས་དར་གོས་ལམ་བུའི་ཡུལ་སྐོར་ལ་ཁ་ཕྱོགས་ཏེ་ཁྱབ་སྤེལ་མནའ་འབྲེལ་ཁོང་མིར་《དར་གོས་ལམ་བུར་རང་ཉིད་ཀྱིས་སྒེར་འཁོར་བཏང་ནས་ཡུལ་སྐོར་ལ་བསྐྱོད་པའི་ལག་ཁྱེར་》དང་《ཕྱི་གླིང་གི་སློབ་གཉེར་བ་ཀན་སུའུ་ཡི་མཛེས་ལྗོངས་ཁུལ་ལ་ཡུལ་སྐོར་ཡོང་བའི་གཟིགས་སྐྱོང་ལག་དེབ་》སྤྲད་ནས་ལག་ཁྱེར་ཡོད་པའི་ཡུལ་སྐོར་བར་ཞིང་ཆེན་ནང་ཁོངས་ཀྱི་གཏན་འཁེལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཉོ་མི་དགོས་པའམ་ཡང་ན་གོང་གཅོག་པའི་གཟིགས་སྐྱོང་བྱ་རྒྱུ་ཡིན་པ་མ་ཟད། ཀན་སུའུ་ཡི་ས་གནས་ཁག་གིས་ཀྱང་རིག་གནས་དང་། ལུས་རྩལ། ལུས་གསོ། ཚོང་དོན། ཞིབ་འཇུག དམངས་སྲོལ་སོགས་དང་འབྲེལ་བའི་བྱེད་སྒོ་75སྤེལ་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་2300ལ་སྣེ་ལེན་ཞུ་རྩིས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།