འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཞི་པའི་རྒྱལ་ཡོངས་ཐཱན་ཉུང་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་16ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་14ཉིན་རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་དུ་སྐབས་བཞི་པའི་རྒྱལ་ཡོངས་ཐཱན་ཉུང་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་གཉེར་འགོ་ཚུགས་ཡོད། ཧྲེན་ཀྲེན་ཧང་ཏུའུ་རིག་གནས་ཀུང་སི་དང་ཧྲེན་ཀྲེན་གྲོང་ཁྱེར་ཚན་རིག་མཐུན་ཚོགས་ཀྱིས་བཟོས་པའི་《ལྗང·ལམ་》སོགས“ལྗང་མདོག”གློག་བརྙན་7འགྲེམས་སྟོན་ནང་ཞུགས་པ་དང་། “ལྗང་མདོག་སྲུང་དམག”གི་དང་བླངས་པ་བསྡུ་རུབ་འགོ་འཛུགས་མཛད་སྒོ་ཡང་དུས་མཉམ་དུ་གཉེར་བ་དང་དེའི་དམིགས་ཡུལ་ནི་སྨྱན་སྦྱོར་ལས་རིགས་ཀྱི་མི་སྣ་སྔར་བས་མང་བ་ལྗང་མདོག་ཁྱབ་སྤེལ་གྱི་ལས་དོན་ནང་ཞུགས་རྒྱུར་འབོད་སྐུལ་ཞུ་རྒྱུ་དེ་ཡིན། རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་གློག་བརྙན་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ལིའུ་ཅན་ཀྲུང་དང་། འཁྲབ་ཁྲིད་པ་ཞེ་ཧྥེ། ཤིན་ཧྭ་གསར་འགྱུར་ཁང་གི་དེ་སྔའི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་མིན་ཧྥན་ལུའུ་སོགས་གློག་བརྙན་སྨྱན་སྦྱོར་ལས་རིགས་ཀྱི་མི་སྣ་མང་པོ་འགོ་ཚུགས་མཛད་སྒོའི་ནང་ཞུགས་ཡོད་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་ལྗང་མདོག་བརྗོད་གཞིར་དམིགས་པའི་འགྲེམས་སྟོན་གློག་བརྙན་བརྩམས་ཆོས་7ཚང་མ་2015ལོའི་ཀྲུང་གོ་(ཧྲེན་ཀྲེན་)རྒྱལ་སྤྱི་གནམ་གཤིས་གློག་བརྙན་བརྙན་འཕྲིན་ཚོགས་ཆེན་དུ་ཞུགས་མྱོང་བ་དང་། དེ་ནི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་གློག་བརྙན་བརྙན་འཕྲིན་ཚོགས་ཆེན་ཐོག་མ་ཡིན་ལ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་93གྱི་བརྩམས་ཆོས་1245བསྡུ་རུབ་བྱས་ཡོད། བརྩམས་ཆོས་7པོ་དེ་ན་ནིང་གི་ལོ་མཇུག་ཏུ་ཕ་རི་སིར་གཉེར་བའི་མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ཐོག་བསྟན་པར་གདེང་འཇོག་ཡག་པོ་དང་དོ་ཁུར་ཆེས་ཆེར་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།