འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རྡོ་སྣུམ་རང་བྱུང་སོལ་རླངས་རྩད་ཆོད་པའི་གསོག་འབོར་རྒྱུན་མཐུད་ནས་ཚད་གཞི་མཐོ་པོས་འཕར་བ།

    ལོ་9བསྟུད་མར་ཏུན་དུང་ཕྱུར་10ལྷག་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་རྡོ་སྣུམ་རང་བྱུང་སོལ་རླངས་རྩད་ཆོད་པའི་གསོག་འབོར་རྒྱུན་མཐུད་ནས་ཚད་གཞི་མཐོ་པོས་འཕར་ནས་ཐོན་ཚད་བརྟན་པོའི་ཁྲོད་འཕར་བ་དང་། རྡོ་གཡམ་སོལ་རླངས་མགྱོགས་མྱུར་འཕར་ཡོད།
         2015ལོར་རྒྱལ་ཡོངས་ཀྱི་རྡོ་སྣུམ་རྩད་ཞིབ་གསར་སྤེལ་གྱི་ས་གཤིས་རྩད་ཆོད་བྱུང་བའི་གསོག་འབོར་ཏུན་དུང་ཕྱུར་11.18ཟིན་པ་དེ་ནི་ཐེངས་13པ་རེད་ལ། ལོ་9བསྟུད་མར་ཏུན་དུང་ཕྱུར་10ལྷག་ཙམ་ཟིན་པའི་ལོ་ཞིག་ཀྱང་རེད། 2015ལོར་རྒྱལ་ཡོངས་ཀྱི་རྡོ་སྣུམ་ཐོན་ཚད་ཏུན་དུང་ཕྱུར་2.15ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་1.9%འཕར་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རིམ་རྩིས་བརྒྱབ་ན་གསར་འཕར་རྡོ་སྣུམ་ས་གཤིས་རྩད་ཆོད་བྱུང་བའི་གསོག་འབོར་ཏུན་དུང་ཕྱུར་61.27ཟིན་པ་དང་རྡོ་སྣུམ་གྱི་སྤྱིའི་ཐོན་ཚད་ཏུན་དུང་ཕྱུར་10.47ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།